མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁོངས་བརྒལ་བའི་ཁེ་ལས་ནས་ཀྲུང་གོའི་ཁྲིམས་སྐྱོང་ཁེ་ཕན་ཐོབ་རེ་བྱེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-04 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུས་སྤྱི་ཚེས་2ཉིན་ཆེད་དོན་ཟུར་གསལ་ཚོགས་འདུ་འཚོགས་ནས། ཀྲུང་གོར་བཅའ་སྡོད་རྒྱལ་ཁོངས་ལས་བརྒལ་བའི་ཁེ་ལས་ཆེ་གྲས་བརྒྱ་ལྷག་ཙམ་གྱི་འཐུས་མིར། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པའི་དགོངས་པའི་ནང་དོན་ཞིབ་ཕྲ་རྒྱས་བཤད་བྱས་པ་རེད།

སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོན་དབང་སྲུང་སྐྱོབ་དང་། ཁྲིམས་འཛིན་མ་ལག་བསྒྱུར་བཅོས་སོགས་ཀྱི་ནང་དོན་སྐོར་ལ་རྒྱས་བཤད་བྱས་པར། རྒྱལ་ཁོངས་ལས་བརྒལ་བའི་ཁེ་ལས་ཀྱི་འཐུས་མི་ཚོའི་ཚད་མཐོའི་དོ་ཁུར་ཐོབ་པ་དང་། ཁོང་ཚོས། ཀྲུང་གོས་ཁྱབ་ཁོངས་དེ་དག་ནང་དངོས་གཉེར་བྱ་ཐབས་བཟུང་བ་དེས། ཀྲུང་གོའི་ཚོང་ལས་ཁོར་ཡུག་གི་ཁ་གསལ་ཚད་སྔར་བས་ཆེ་རུ་གཏོང་ཐུབ་རྒྱུ་མ་ཟད། ཀྲུང་གོའི་བསྒྱུར་བཅོས་དེས་རྒྱལ་ཁོངས་ལས་བརྒལ་བའི་ཁེ་ལས་གོང་འཕེལ་ཐད་གོ་སྐབས་སྔར་བས་མང་བ་བསྐྲུན་ཐུབ་པའི་རེ་སྒུག་བྱ་རྒྱུའི་ངོས་འཛིན་བྱས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག