མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཧྭ་གསར་འགྱུར་ཁང་ནས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་རླབས་ཆེན་རྒྱང་བསྐྱོད་ནང་འོད་རབ་ཏུ་འཚེར་བའི་སྲོག་རྩ་ཞེས་པའི་རྒྱས་འཕྲིན་རིང་པོ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-04 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། སྤྱི་ཚེས2ཉིན་ཤིན་ཧྭ་གསར་འགྱུར་ཁང་ནས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་རླབས་ཆེན་རྒྱང་སྐྱོད་ལམ་བུའི་འོད་རབ་ཏུ་འཚེར་བའི་སྲོག་རྩ་ཞེས་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཀྲུང་དབྱང་དམག་ཨུད་ཀྱི་འགོ་ཁྲིད་ནས་དུས་བབ་གསར་པའི་འོག་དམག་དཔུང་གི་ཆབ་སྲིད་ལས་ཀར་སྐུལ་འདེད་གཏོང་བའི་གནས་ཚུལ་དངོས་བཀོད་ཀྱི་རྒྱས་འཕྲིན་རིང་པོ་ཞིག་སྤེལ་ཡོད་པ་རེད།

 རྩོམ་ཡིག་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་དམག་ཨུད་ནས་གཟིགས་རྒྱང་རིང་བ་དང་། འཐབ་ཇུས་འདང་བ། དུས་རབས་ཀྱི་འཕོ་འགྱུར་དང་གོང་འཕེལ་གྱི་བླང་བྱ་གསར་པ་ཁོང་དུ་ཆུད་པ་བཅས་བྱས་ནས། དུས་བབ་གསར་པའི་འོག་དམག་དཔུང་གི་ཆབ་སྲིད་ལས་ཀར་འགོ་ཁྲིད་དང་སྐུལ་འདེད་བཏང་ནས་དུས་བསྟུན་མཉམ་སྐྱོད་དང་། གསར་གཏོད་གོང་འཕེལ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དང་། དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་རླབས་ཆེན་རྒྱང་སྐྱོད་ལམ་བུའི་ཐོག་སྲོག་རྩའི་ལེའུ་གསར་པ་ཞིག་བྲིས་ཚུལ་བཀོད་ཡོད་པ་རེད།

རྩོམ་ཡིག་ནང་། ཏང་གི་དར་ཆ་ནི་དམག་དཔུང་གི་དར་ཆ་ཡིན། ཏང་གི་དུས་བབ་གསར་པའི་འོག་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་གྱིས་ཆབ་སྲིད་ལ་བརྟེན་ནས་དམུག་དཔུང་འཛུགས་སྐྱོང་བྱེད་པའི་དུས་རབས་ཀྱི་བརྗོད་བྱ་གསར་པ་གཏན་འཁེལ་བྱས་པ་དང་། རང་དམག་གི་སྲོག་རྩར་འགན་འཁྲི་གསར་པ་སྤྲད་ཡོད་ཅེས་བཀོད་པ་དང་། རྩོམ་ཡིག་ནང་། སྤྱི་ཁྱབ་བཀོད་འདོམས་པས་རང་དཔེ་གཞན་སྟོན་བྱེད་པ་དང་། དམག་གསུམ་གྱིས་ཤུགས་སྐྱེད་སྟོབས་སྤེལ་བྱེད་ཅིང་། དམག་ཡོངས་དང་དྲག་ཆས་ཉེན་རྟོགས་དཔུང་སྡེས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། སྟོབས་ཆེན་གྱི་ཆབ་སྲིད་བཟང་ཆ་དེ་སྟོབས་ཆེན་གྱི་དམག་འཐབ་ནུས་པ་གཅིག་ཏུ་སྒྲིལ་ཤུགས་སུ་སྒྱུར་བ་དང་། རྒྱ་ཆེའི་དཔོན་དམག་གིས་ལས་འགན་ཕྲག་ཏུ་འཁུར་ནས། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་། དཀའ་ངལ་ལ་མི་སྐྲག་པ། ལས་འགན་ལྗིད་པོ་ཁུར་ཕོད་པ་བཅས་ཀྱིས་ཐོག་ནས། ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་ཁག་སེམས་ཐག་གཙང་བཅད་ཀྱིས་ལེགས་གྲུབ་བྱེད་པ་དང་། ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུག་ཤོག་ཅིག་འབུལ་རྒྱུ་རེད་ཅེས་དང་། རྩོམ་ཡིག་ནང་། ཀུའུ་ཐན་ནས་རྩ་བ་འཚོལ་ཞིང་། ང་ཚོས་མི་དམངས་དམག་དཔུང་གི་ཆབ་སྲིད་ལས་ཀའི་རྨང་གཞི་འདིང་ས་ནས་བསམ་བློའི་ཐོག་ནས་ཏང་འཛུགས་པ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་འོད་སྟོང་འཕྲོ་བའི་དཔལ་འབར་མཐོན་པོར་བཏེགས་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ང་ཚོས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད་ཏང་ལ་ངོ་གནོང་མི་དགོས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པའི་བརྗིད་ཉམས་ལྡན་པའི་ལེའུ་ཞིག་མུ་མཐུད་འབྲི་ཐུབ་ངེས་རེད་ཅེས་བཀོད་ཡོད་པ་རེད།   ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག