མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཆད་ཁྲིད་ཐེངས་བཅུ་གསུམ་ལ་མགོ་འཛིན་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-03 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཆད་ཁྲིད་ཐེངས་བཅུ་གསུམ་པ་སྤེལ། འཆད་ཁྲིད་ཀྱི་ཁ་ཡིག་ལ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་དགོས་ཞེས་པ་དེ་རེད།

ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་འཆད་ཁྲིད་ལ་མགོ་འཛིན་མཛད།

འཆད་ཁྲིད་སྤེལ་མཁན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཧྲིན་ཁྲུན་ཡོ་ཡིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་པའི་མཛུབ་སྟོན་བསམ་བློ་དང་སྤྱིའི་དམིགས་འབེན། གཞི་རྩའི་རྩ་དོན་བཅས་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། རྩ་ཁྲིམས་གཙོ་ཡིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྩ་ཁྲིམས་ལག་བསྟར་བྱེད་པར་ཤུགས་སྣོན་པ། ཁྲིམས་སྐྱོང་བྱ་བའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཏང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་པའི་མགོ་ཁྲིད་ལ་ཤུགས་སྣོན་པ་བཅས་ཐད་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་གཏན་ལ་ཕབ་པའི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་པའི་གནད་དོན་གལ་ཆེན་རབ་དང་རིམ་པའི་སྐོར་གྱི་ཆོད་དོན་གྱི་གཞི་རྩའི་དགོངས་དོན་དང་ནང་དོན་གཙོ་བོ། འབྲེལ་ཡོད་གནས་ཚུལ་བཅས་མཚམས་སྦྱོར་བྱས།

ཧྲིན་ཁྲུན་ཡོ་ཡིས་བལྟས་ན། ཆོད་དོན་ལས་ཕྱོགས་སོ་སོའི་བློ་གྲོས་གཅིག་ཏུ་བསྡུས་པའི་རྨང་གཞིའི་སྟེང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་པིའ་མཛུབ་སྟོན་བསམ་བློ་དང་སྤྱིའི་དམིགས་འབེན། རྩ་བའི་རྩ་དོན། སྤྱིའི་བཀོད་སྒྲིག བྱེད་ཐབས་གལ་ཆེན། ལས་འགན་དང་རེ་བ་བཅས་གཏན་འཁེལ་བྱས་ནས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན། ཏང་གི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་སྟེང་ཁྲིམས་སྐྱོང་འཛུགས་སྐྲུན་གནད་དོན་ལ་ཆེད་དུ་ཞིབ་འཇུག་བྱས་པར་མ་ཟད་ཆོད་དོན་གཏན་ལ་ཕབ་པ་ནི་ང་ཚོ་ཏང་གི་ལོ་རྒྱུས་སྟེང་ད་རུང་ཐེངས་དང་པོ་ཡིན་པས། དེར་གསར་སྐྲུན་གྱི་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། དེ་ལས་ང་ཚོ་ཏང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོས་འཛིན་ཆུ་ཚད་གསར་བ་ཞིག་ཏུ་བསླེབས་པ་མཚོན་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ལ་གལ་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་གལ་ཆེན་ཐེབས་སྲིད་པར་སྙམ་ཡོད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག