མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྤྱིའི་གྲོང་ཁྱེར་ཉིན་མོ་ཞེས་པ་ཧྲང་ཧེ་ནས་སྤེལ་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-03 11:31

ཞིན་ཧྭ་གསར་འགྱུང་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10པའི་ཚེས31ཉིན་འཛམ་གླིང་གི་གྲོང་ཁྱེར་ཉིན་མོ་སྐབས་དང་པོ་ཞེས་པ་ཧྲང་ཧེ་ནས་སྤེལ་འགོ་ཚུགས་ཡོད་པ་རེད། སྔོན་དཔག་བྱས་པར་གཞིགས་ན། 2030ལོའི་བར་བརྒྱ་ཆའི་དྲུག་ཅུར་ཉེ་བའི་འཛམ་གླིང་གི་མི་འབོར་ཏེ་ཧ་ལམ་མི་དུང་ཕྱུར་ལྔ་བཅུ་ལྷག་གྲོང་ཁྱེར་དུ་གཏན་སྡོད་བྱ་རྒྱུ་ཡིན་པ་དང་། གྲོང་ཁྱེར་ཇི་ལྟར་རྒྱུན་མཐུད་གོང་འཕེལ་ཏུ་གཏོང་རྒྱུ་ནི་དུས་རབས་ཉེར་གཅིག་པའི་འཛམ་གླིང་གི་སྤྱི་ཚོགས་ཡོངས་ལ་འཕྲད་པའི་འགྲན་སློང་ཞིག་ཏུ་གྱུར་ཡོད། འཛམ་གླིང་གི་གྲོང་ཁྱེར་ཉིན་མོ་ཞེས་པ་འདི་བཙུགས་པ་ནི་གྲོང་ཁྱེར་གྱི་གོང་འཕེལ་གནད་དོན་ལ་ཁ་ཕྱོགས་ཏེ་ཐུན་མོང་ཐོག་འཛམ་གླིང་གི་གྲོང་ཁྱེར་ཅན་གྱི་བརྒྱུད་རིམ་ཁྲོད་ཀྱི་ཕན་ནུས་མཐོར་འདེགས་དང་ལག་རྩལ་གསར་གཏོད་ལ་དཔྱད་བསྡུར་བྱས་ཏེ། གྲོང་ཁྱེར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་གོང་འཕེལ་ཏུ་འགྲོ་ཐུབ་པ་བྱ་རྒྱུ་དེ་རེད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག