མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྱིས་ཨུ་རུ་སིའི་མགྲོན་པོར་ཐུག་འཕྲད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-02 10:18

张高丽会见俄罗斯客人.jpg

  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་པེ་ཅིན་ནས་ཨུ་རུ་སི་ཙུང་ཐུང་གི་ནུས་ཁུངས་འཕེལ་རྒྱས་འཐབ་ཇུས་དང་སྐྱེ་ཁམས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཞོར་དུ་ཨུ་རུ་སིའི་རྡོ་སྣུམ་ཀུང་ཟིའི་ཙུང་ཚེ་ཡི་འགན་འཁུར་མཁན་ཞེ་ཆན་ལ་ཐུག་འཕྲད་བྱས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་པེ་ཅིན་ནས་ཨུ་རུ་སི་ཙུང་ཐུང་གི་ནུས་ཁུངས་འཕེལ་རྒྱས་འཐབ་ཇུས་དང་སྐྱེ་ཁམས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཞོར་དུ་ཨུ་རུ་སིའི་རྡོ་སྣུམ་ཀུང་ཟིའི་ཙུང་ཚེ་ཡི་འགན་འཁུར་མཁན་ཞེ་ཆན་ལ་ཐུག་འཕྲད་བྱས།

  ཐུག་འཕྲད་བྱེད་སྐབས་ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ང་ཚོའི་ཐེངས་འདིའི་ཐུག་འཕྲད་ཀྱི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཞག་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་པེ་ཅིན་ཐུག་འཕྲད་བྱེད་པར་ནུས་ཁུངས་མཉམ་ལས་ཕྱོགས་ནས་གྲ་སྒྲིག་བྱེད་རྒྱུ་དེ་ཡིན། ཀྲུང་གོ་དང་ཨུ་རུ་སིས་རྡོ་སྣུམ་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོར་་མ་བཅོས་རྡོ་སྣུམ་མཁོ་འདོན་བྱེད་ཚད་ཇེ་མང་དུ་གཏོང་བའི་ལས་གཞི་ལག་བསྟར་བཟང་བོ་བྱས་ཏེ། མཚོ་ཐོག་གི་མ་བཅོས་རྡོ་སྣུམ་ཉོ་ཚོང་རྒྱ་བསྐྱེད་པ་དང་། སྟོད་རྒྱུད་ས་ཁུལ་དུ་འཚོལ་ཞིབ་གསར་སྤེལ་བྱེད་པ་དང་དེ་མིན་བཟོ་སྐྲུན་ཞབས་ཕྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ལ། དེ་དང་མཉམ་དུ་མཉམ་ལས་ལས་གཞི་གསར་བར་འཚོལ་ཞིབ་བྱས་ནས་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

  ཞེ་ཆན་གྱིས་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཏོན་པའི་མཉམ་ལས་ཀྱི་ཐུན་མོང་ལྟ་ཚུལ་ལྟར། རྒྱལ་ཁབ་གཉིས་ཀྱི་རྡོ་སྣུམ་ཁྱབ་ཁོངས་ཀྱི་ལས་གཞིའི་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག