མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་དང་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་གཉིས་ཨ་ཧྥུའུ་ཧན་གནད་དོན་གྱི་དབྱི་སི་ཐན་པུའུ་ཨར་འཕེལ་རིམ་གྱི་ཕྱི་འབྲེལ་དཔོན་པོའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-01 12:35

李克强与阿富汗总统加尼共同出席1.jpg

  ཟླ་བཅུ་བའི་ཚེས་སོ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པེ་ཅིན་ཏེའོ་ཡུས་ཐའེ་ནས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ཉི་དང་མཉམ་དུ་ཨ་ཧྥུའུ་ཧན་གནད་དོན་གྱི་དབྱི་སི་ཐན་པུའུ་ཨར་འཕེལ་རིམ་གྱི་ཕྱི་འབྲེལ་དཔོན་པོའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

李克强与阿富汗总统加尼共同出席2.jpg

李克强与阿富汗总统加尼共同出席3.jpg

李克强与阿富汗总统加尼共同出席4.jpg

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར་ཏེའོ་ཡུས་ཐའེ་ནས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ཉི་དང་མཉམ་དུ་ཨ་ཧྥུའུ་ཧན་གནད་དོན་གྱི་དབྱི་སི་ཐན་པུའུ་ཨར་འཕེལ་རིམ་གྱི་ཕྱི་འབྲེལ་དཔོན་པོའི་གྲོས་ཚོགས་ཐེངས་བཞི་བ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

  ལིས་ཁི་ཆང་གིས་གསུངས་རྒྱུར། གྲོས་ཚོགས་སྟེང་ས་ཁུལ་་དང་རྒྱལ་ཁབ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་བརྟན་འཇགས་བར་བརྒལ་དང་བདེ་འཇགས་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་གསལ་བོ་གཏོང་དགོས་ལ། ཨ་ཧྥུའུ་ཧན་གྱི་ཞི་བདེའི་བསྐྱར་འཛུགས་ལས་དོན་ལ་ཡུན་རིང་དུ་རོགས་སྐྱོར་བྱེད་རྒྱུའི་དམ་བཅའ་བསྐྱར་སྒྲོག་བྱེད་དགོས་པར་མ་ཟད། ཨ་ཧྥུའུ་ཧན་གྱི་མ་འོངས་པར་ཡིད་ཆེས་བརྟན་པོ་བཅངས་པ་མཚོན་དགོས་ཟེར།

  ལིས་ཁི་ཆང་གིས་ཨ་ཧྥུའུ་ཧན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ལ་འདོད་ཚུལ་ལྔ་བཏོན་པ་སྟེ། གཅིག་ནི་ཨ་ཧྥུའུ་ཧན་གྱི་མི་ཚང་མས་ཨ་ཧྥུའུ་ཧན་བཅོས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཉིས་ནི་ཆབ་སྲིད་བར་འདུམ་ལ་ཡར་སྐུལ་གཏོང་དགོས། གསུམ་ནི་དཔལ་འབྱོར་མྱུར་དུ་བསྐྱར་འཛུགས་བྱེད་དགོས། བཞི་ནི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་དགོས། ལྔ་ནི་ཕྱི་རོལ་ཕྱོགས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་དགོས་པ་བཅས་རེད།

  ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་གྱིས་ཞི་བདེའི་བར་འདུམ་དང་བསྐྱར་འཛུགས་འཕེལ་རིམ་ལ་ཡར་སྐུལ་གཏོང་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཨ་ཧྥུའུ་ཧན་ས་ཁུལ་མཉམ་ལས་ཁྲོད་ཞུགས་པར་རོགས་སྐྱོར་བྱེད་བཞིན་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཨ་ཧྥུའུ་ཧན་གྱིས་སྔ་མོ་ནས་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།   

  ཅཱ་ཉི་ཡིས་ལིས་ཁི་ཆང་གིས་བཏོན་པའི་འདོད་ཚུལ་ལྔར་ཡོངས་སུ་འཐད་པའི་ཚུལ་བསྟན་པར་མ་ཟད། ཀྲུང་གོས་དུས་ཡུན་རིང་བོར་ཨ་ཧྥུའུ་ཧན་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཅཱ་ཉི་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་སྐྱོར་འོག ཞི་བདེའི་བར་འདུམ་ལ་ཡར་སྐུལ་བཏང་སྟེ། ས་ཁུལ་འཕེལ་རྒྱས་ཁྲོད་ནུས་པ་བཟང་བོ་འདོན་སྤེལ་བྱེད་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག