མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་སྐབས་དང་པོའི་འཛམ་གླིང་གྲོང་ཁྱེར་ཉིན་མོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-01 12:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་སྐབས་དང་པོའི་འཛམ་གླིང་གྲོང་ཁྱེར་ཉིན་མོ་ཞེས་པའི་བྱ་འགུལ་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་། ཁོང་གིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་སྐབས་དང་པོའི་འཛམ་གླིང་གྲོང་ཁྱེར་ཉིན་མོ་ཞེས་པའི་བྱ་འགུལ་རབ་དང་རིམ་པ་ཧྲང་ཧེ་ནས་སྤེལ་མགོ་བརྩམས་པར་རྟེན་འབྲེལ་ཞུས། ལིས་ཁི་ཆང་གིས་གསུངས་རྒྱུར། འཛམ་གླིང་གྲོང་ཁྱེར་ཉིན་མོ་ཞེས་པ་དེས་གྲོང་ཁྱེར་གྱིས་འཚོ་བ་སྔར་ལས་ཇེ་ལེགས་སུ་གཏོང་དགོས་ཞེས་པ་བརྗོད་བྱ་གཙོ་བོར་བཟུང་སྟེ། གྲོང་ཁྱེར་གྱི་རྣམ་པ་བསྒྱུར་བ་དང་གྲོང་ཁྱེར་འཕེལ་རྒྱས་སུ་གཏོང་བ་ད་ལོའི་ནང་དོན་གཙོ་བོར་བརྩིས་ནས། གྲོང་ཁྱེར་གྱི་ནུས་པ་དང་ཁྱད་ཆོས་ངོམ་པར་བྱེད་པ་དང་། མི་རྣམས་ཀྱི་དུས་སྐབས་གསར་བའི་གྲོང་ཁྱེར་གྱི་འཕེལ་རྒྱས་ཐད་ཀྱི་བསམ་གཞིགས་དང་བྱ་སྤྱོད་མཚོན་པར་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ཀྲུང་གོས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཤར་ནུབ་དབུས་ཕྱོགས་ས་ཁུལ་གྱི་གྲོང་བརྡལ་ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་པ་དང་། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་རྡལ་ཆུང་བ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བ། ཐོན་ལས་ཀྱི་རྣམ་པ་གསར་སྐྲུན་བྱེད་པ། རིག་གནས་རྒྱུན་འཛིན་ལ་མཐོང་ཆེན་བྱས་ནས། གྲོང་རྡལ་སྤུས་ཚད་མཐོ་ཞིང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་ཀྱིན་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་བྱ་འགུལ་དེར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག