མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཡིག་ཆ་དང་ཟུར་ཁྲིད་ཀློག་དེབ་དཔར་ནས་བཀྲམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-01 12:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་སོ་གཅིག་ཉིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཡིག་ཆ་དང་ཟུར་ཁྲིད་ཀློག་དེབ་པེ་ཅིན་ནས་དཔར་ཏེ་བཀྲམས། དེའི་ནང«ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྤྱི་སྒྲོག»དེབ་རྐྱང་མ་དང་། «ཀྲུང་གུང་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པའི་གནད་དོན་གལ་ཆེན་རབ་དང་རིམ་པའི་སྐོར་གྱི་ཆོད་དོན»དེབ་རྐྱང་མ། དེ་མིན་ད་རུང«(ཀྲུང་གུང་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པའི་གནད་དོན་གལ་ཆེན་རབ་དང་རིམ་པའི་སྐོར་གྱི་ཆོད་དོན)གྱི་ཟུར་ཁྲིད་ཀློག་དེབ»དང་། «ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཆོད་དོན་གྱི་སློབ་སྦྱོང་ཟུར་ཁྲིད་ཀྱི་དྲི་བ་བརྒྱ་ཐམ་པ»བཅས་ཡོད། ཟུར་ཁྲིད་ཀློག་དེབ་དེ་དག་ཐོག་དང་པོར་དེབ་ས་ཡ་ལྔ་དང་འབུམ་གཅིག་ཁྲི་ལྔ་དཔར་ནས་བཀྲམས་པར་མ་ཟད། མི་རིགས་དཔེ་སྐྲུན་ཁང་གིས་གོང་གི་ཀློག་དེབ་དེ་དག་མི་རིགས་སྐད་ཡིག་ལ་ལོ་ཙཱ་བྱས་ཏེ་པར་སྐྲུན་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག