མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཐའེ་ཝན་བཟོ་ཚོང་ཚོགས་པའི་མཉམ་འབྲེལ་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-01 12:34

 俞正声会见台湾工商团体联合参访团1.jpg

  ཟླ་བཅུ་བའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་ཐའེ་ཝན་བཟོ་ཚོང་ཁེ་ལས་མཉམ་འབྲེལ་ཚོགས་པ་དང་། བཟོ་ཚོང་ཡར་སྐུལ་མཐུན་ཚོགས། ཁེ་ལས་འབྲིང་ཆུང་སྤྱིའི་ཚོགས་པ་བཅས་ཀྱིས་བཙུགས་པའི་མཉམ་འབྲེལ་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་། 

俞正声会见台湾工商团体联合参访团2.jpg

  ཟླ་བཅུ་བའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་ཐའེ་ཝན་བཟོ་ཚོང་ཁེ་ལས་མཉམ་འབྲེལ་ཚོགས་པ་དང་། བཟོ་ཚོང་ཡར་སྐུལ་མཐུན་ཚོགས། ཁེ་ལས་འབྲིང་ཆུང་སྤྱིའི་ཚོགས་པ་བཅས་ཀྱིས་བཙུགས་པའི་མཉམ་འབྲེལ་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་པེ་ཅིན་ནས་ཐའེ་ཝན་བཟོ་ཚོང་ཁེ་ལས་མཉམ་འབྲེལ་ཚོགས་པ་དང་། བཟོ་ཚོང་ཡར་སྐུལ་མཐུན་ཚོགས། ཁེ་ལས་འབྲིང་ཆུང་སྤྱིའི་ཚོགས་པ་བཅས་ཀྱིས་བཙུགས་པའི་མཉམ་འབྲེལ་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

  ཡུས་ཀྲིན་ཧྲིན་གྱིས་མཉམ་འབྲེལ་འཚམས་འདྲི་ཚོགས་པ་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པ་དང་། ཁོ་ཚོས་ལོ་མང་བོའི་རིང་ལ་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་མཛད།

  ཡུས་ཀྲིན་ཧྲིན་གྱིས་ཐའེ་ཝན་བཟོ་ཚོང་ལས་རིགས་དང་ཁེ་ལས་འབྲིང་ཆུང་། གཞི་རིམ་མང་ཚོགས་བཅས་ཀྱིས་མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་ཁྲོད་ཧུར་ཐག་སྒོས་ཞུགས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག