མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལོ་སྟོད་དུ་རྒྱལ་ཡོངས་ཀྱི་དྲ་ཐོག་གི་སིལ་ཚོང་ཡོང་འབབ་སྒོར་དུང་ཕྱུར་ཁྲི་གཅིག་ལས་བརྒལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-01 12:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོའི་མུ་འབྲེལ་ཁེ་གཉེར་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་སྡོམ་རྩིས་ཅུད་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལྟར་ན། སྤྱི་ལོ2014ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་དྲ་ཐོག་གི་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར11375ཟིན་པ་དང་། དུས་མཚུངས་ལས48.3%འཕར་འདུག

ཀྲུང་གོའི་མུ་འབྲེལ་ཁེ་གཉེར་མཐུན་ཚོགས་ཀྱི་བརྟག་དཔྱད་སྙན་ཞུ་གསར་ཤོས་ལས་གསལ་བར། སླད་ཕྱིན་ལོ་ཤས་ནང་དྲ་ཐོག་གི་སིལ་ཚོང་ཁྲོམ་ར་གོང་འཕེལ་ལམ་བུ་སྔར་བཞིན་ཆེན་པོ་ལྡན་ཡོད་པ་རེད།

མིག་སྔར་རང་རྒྱལ་གྱི་དྲ་ཐོག་གི་སིལ་ཚོང་ཁྲོམ་ར་གོང་འཕེལ་འགྲོ་མགྱོགས་པ་དང་། དྲ་ཐོག་དང་དངོས་གགཟུགས་ཁྲོམ་ར་ཟུང་འབྲེལ་བྱེད་མགྱོགས་སུ་ཕྱིན་ཡོད་དེ། ཕྱོགས་གཅིག་ནས་སྲོལ་རྒྱུན་སིལ་ཚོང་ཁེ་ལས་ཀྱིས་དྲ་ཐོག་དང་དངོས་གཟུགས་ཁྲོམ་རའི་ཐོན་ཁུངས་ཟླ་སྒྲིལ་གཏོང་བའི་ཚོད་ལྟ་ཧུར་ཐག་བྱས་ཏེ་རྣམ་པ་བརྗེ་བསྒྱུར་བྱེད་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་གློག་རྡུལ་ཚོང་ལས་ཁེ་ལས་ཀྱིས་ཀྱང་དངོས་གཟུགས་ཁྲོམ་རར་མཐོང་ཆེན་བྱེད་འགོ་ཚུགས་ཏེ་དངོས་གཟུགས་ཁྲོམ་རའི་ནང་ཞུགས་ཐབས་བྱེད་ཀྱི་ཡོད། དྲ་ཐོག་ཁྲོམ་ར་དང་དངོས་གཟུགས་ཁྲོམ་ར་ཟུང་འབྲེལ་བྱེད་མགྱོགས་སུ་བཏང་སྟེ། མཐར་ཚོང་ལམ་ཆ་ཚང་བའི་དངོས་ཟོག་ཉོ་སྒྲུབ་ལམ་བུ་ཞིག་ཆགས་པ་བྱེད་རྒྱུ་དེ་ནི་སིལ་ཚོང་ལས་རིགས་ཀྱི་མ་འོངས་པའི་འཕེལ་ཕྱོགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག