མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་ཞིང་ལས་ཐོན་རྫས་ཀྱི་ཐོ་འགོད་ཚོང་རྟགས་ཁྲི125ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-01 12:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཞིང་ལས་ཐོན་རྫས་ཉོ་ཚོང་ཚོགས་ཆེན་སྐབས་བཅུ་གཉིས་པའི་སྐབས་སུ་ཚོགས་པའི་ཀྲུང་གོའི་མིང་གྲགས་ཚོང་རྟགས་ཀྱི་ཞིང་ལས་གོང་འཕེལ་ཚོགས་ཆེན་ཐོག་རྒྱུས་ལོན་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་ནང་རང་རྒྱལ་གྱི་མིང་གྲགས་ཚོང་རྟགས་ཀྱི་ཞིང་ལས་འཕར་ཚད་མགྱོགས་པ་དང་། སྤྱི་ལོ་2013ལོའི་བར་དུ་རང་རྒྱལ་གྱི་ཞིང་ལས་ཐོན་རྫས་ཀྱི་ཐོ་འགོད་བྱས་པའི་ཚོང་རྟགས་ཁྲི125ཟིན་ཡོད་མོད། འོན་ཀྱང་འགྲན་རྩོད་ནུས་ཤུགས་ལྡན་པའི་ཐོན་རྫས་ཀྱི་ཚོང་རྟགས་ད་དུང་མང་པོ་ཞིག་མེད། རིགས་གཅིག་མཁས་པས་ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་གོང་འཕེལ་གྱི་སྒུལ་ཤུགས་ལ་སྐུལ་སློང་བྱས་ཏེ། ཚོང་རྟགས་གསོ་སྤེལ་དང་སྲུང་སྐྱོབ་ཀྱི་ལམ་ལུགས་གསར་གཏོད་དང་། ཁྲོམ་རའི་ཁ་ཕྱོགས་དང་ཁེ་ལས་གཙོ་བོར་འཛིན་པ། སྲིད་གཞུང་གིས་སྐུལ་འདེད་དང་སྤྱི་ཚོགས་ནང་ཞུགས་ཀྱི་ཚོང་རྟགས་འཛུགས་སྐྱོང་དང་སྲུང་སྐྱོབ་ཀྱི་མ་ལག་ཅིག་འཛུགས་དགོས་ཞེས་བཤད་ཡོད་པ་རེད།

ཞིང་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་ཡུས་ཁང་ཀྲིན་གྱིས། མ་འོངས་པར་མིང་གྲགས་ཚོང་རྟགས་གྱི་ཞིང་ལས་འཛུགས་སྐྲུན་གྱི་གཅིག་གྱུར་འཆར་འགོད་དང་འབྲེལ་ཡོད་ཀྱི་སྲིད་ཇུས་བཀོད་སྒྲིག་ལེགས་པོ་བྱེད་པ། ས་གནས་སོ་སོས་རང་ཉིད་ཀྱི་ཁྱད་ཆོས་བཟུང་སྟེ་ཁྱད་པར་ཅན་གྱི་གོང་འཕེལ་མངོན་འགྱུར་ཡོང་བ་བྱ་རྒྱུ། དེ་མིན་ཚོང་གཉེར་གྱི་རྣམ་པ་གསར་གཏོད་བྱས་ཏེ་ཚོང་རྟགས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་གཞུང་གི་སྣེ་ཁྲིད་དང་ཁྲོམ་རའི་གཙོ་གཟུགས་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག