མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-30 10:54

ཟླ10བའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ལས་འཛིན་ལྷན་ཚོགས་བྱ་བའི་གྲོས་ཚོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ལས་འཛིན་ལྷན་ཚོགས་བྱ་བའི་གྲོས་ཚོགས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཚོགས་འདུ་ཕུན་སུམ་ཚོགས་པའི་ངང་ཚོགས་པར་རྟེན་འབྲེལ་ཞུས་པ་མ་ཟད། མགྲོན་པོ་རྣམས་ལ་ཀྲུང་གོའི་འཕེལ་རྒྱས་གནས་བབ་དང་ཨེ་ཤ་ཡའི་འཕེལ་རྒྱས་མདུན་ལྗོངས་ཐད་ཀྱི་ལྟ་ཚུལ་མཚམས་སྦྱོར་མཛད། ཁོང་གིས་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱིས་ཀྲུང་ཕྱིའི་བརྗེ་རེས་མཉམ་ལས་དང་ཨེ་ཤ་ཡའི་དར་རྒྱས་གོང་འཕེལ་ཐད་བྱས་རྗེས་གང་ལེགས་འཇོག་རྒྱུའི་ཐུགས་རེ་བཏོན།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། དེང་སྐབས་ཀྲུང་གོའི་དཔལ་འབྱོར་བརྟན་བརླིང་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ང་ཚོས་དཔལ་འབྱོར་འཕེལ་སྟངས་བསྒྱུར་བ་དང་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། ཐོན་ལས་ལེགས་སྒྱུར་རིམ་སྤར་བྱེད་པ་བཅས་ལ་འབད་བརྩོན་བྱས་ཏེ། དཔལ་འབྱོར་རྒྱུན་སྲིང་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བཞིན་ཡོད། ང་ཚོས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་དང་། ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས། སྲིད་འཛིན་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བཅས་བྱས་ཏེ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད་ཟེར།

 ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ནི་ཨེ་ཤ་ཡའི་ལས་དབང་ལ་དམ་དུ་འབྲེལ་ཡོད་པ་དང་། ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་མདུན་ལམ་ཡངས་པ་དང་འཕེལ་རྒྱས་ཀྱི་མདུན་ལྗོངས་བཟང་བས། ཨེ་ཤ་ཡའི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རང་བརྩོན་དང་གཉིས་ཕན་མཉམ་ལས། བཟོད་སྒོམ་སྒོ་འབྱེད་བཅས་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་གི་དར་རྒྱས་གོང་འཕེལ་མངོན་འགྱུར་བྱེད་འོས་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱིས་ཨེ་ཤ་ཡའི་ཐུན་མོང་ལྟ་བ་གཅིག་སྡུད་དང་། ཨེ་ཤ་ཡའི་འཕེལ་རྒྱས་ལ་ཡར་སྐུལ། ཨེ་ཤ་ཡའི་ཤན་ཤུགས་མཐོར་འདེགས་བཅས་བྱེད་པའི་ཕྱོགས་སུ་གཞན་དང་མི་མཚུངས་པའི་ནུས་པ་གལ་ཆེན་འདོན་བཞིན་ཡོད་པས། ཀྲུང་གོ་སྲིད་གཞུང་གིས་གླེང་སྟེགས་ཀྱི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་དང་དེར་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག