མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་གསང་འཕྲིན་ལྟེ་གནས་འཛུགས་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-28 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས27ཉིན་འཚོགས་པའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཀྱི་འཆར་ཟིན་ཞེས་པར་གྲོས་བསྡུར་བྱས་པ་དང་། འཆར་ཟིན་ནང་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་གསང་འཕྲིན་ལྟེ་གནས་དང་སྡེ་ཁག་བརྒལ་བའི་གསང་འཕྲིན་འཁོར་རྒྱུག་གི་ལམ་ལུགས་འཛུགས་རྒྱུའི་གཏན་འཁེལ་བྱས་ཡོད་པ་རེད།

རྒྱུས་ལོན་བྱུང་བར་གཞིགས་ན། མིག་སྔར་རང་རྒྱལ་གྱིས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པར་གནས་བབ་ཛ་དྲག་པོ་ཡོད་པ་དང་། འཇིགས་སྐུལ་ལས་འགུལ་ལ་རྒྱལ་སྤྱིའི་རྒྱུ་རྐྱེན་ཇེ་མང་དང་གྱོད་དོན་སྔར་ལས་མང་བ། དྲ་ཐོག་ནས་སྐུལ་སྤེལ་བྱེད་པ་སོགས་ཀྱི་རྣམ་པ་ཆགས་ཡོད་པ་རེད། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་འདི་གནས་བབ་དང་ལས་འགན་ཀྱི་འཕེལ་ཚུལ་དང་འགྱུར་ལྡོག་ལ་བསྟུན་ནས། འཐབ་རྩོད་དངོས་སུ་བསྒྱུར་དགོས་པ་དང་། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་གསང་འཕྲིན་དང་རྩད་ཞིབ། སྔོན་འགོག་དང་ཉེན་སེལ་སོགས་ཕྱོགས་སོ་སོར་གོང་འཕེལ་གསར་བ་བྱུང་ཡོད་པ་རེད།

མིག་སྔའི་ཛ་དྲག་དང་རྙོག་དྲ་ཆེ་བའི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་གནས་བབ་འདིར་ཁ་གཏད་གཅོག་ཆེད་དུ་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་གྱི་ཁྲིམས་ལུགས་ཤིག་སྒྲིག་བཟོ་བྱས་ཏེ། རང་རྒྱལ་གྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཁྲིམས་ལུགས་ཀྱི་མ་ལག་འདི་འཐུས་ཚང་དུ་གཏོང་དགོས། ངོ་སྤྲོད་བྱས་པར་གཞིགས་ན། འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཁྲིམས་ལུགས་ཀྱི་འཆར་ཟིན་ནང་འབྲེལ་ཡོད་ལས་དོན་གྱི་ལམ་ལུགས་དང་སྒྲིག་གཞི། འགན་འཁྲི་དང་བདེ་འཇགས་སྔོན་འགོག གསང་བའི་ཆ་འཕྲིན་དང་ཁ་གཏད་བཀོད་སྒྲིག་སོགས་ཀྱི་བྱེད་ཐབས་གཏན་འཁེལ་བཟོས་པ་དང་། དེ་ནི་དབང་ཆ་དང་ལས་འགན། དོན་དངོས་དང་གོ་རིམ་ཅན་གྱི་ཆེད་དོན་ཁྲིམས་ལུགས་ཤིག་ཡིན་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག