མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དྲ་གྲོགས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་ལ་གྲོས་བསྡུར་ཚ་ཚ་འུར་འུར་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-28 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་སྐབས་་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་དང་། ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཁྱོན་ཡོངས་སྐུལ་འདེད་གཏོང་བ་ཞེས་པར་འཕྲལ་མར་དྲ་བའི་ཐོག་དོ་ཁུར་ཆེ་བའི་འགག་རྩའི་ཐ་སྙད་ཞིག་ལ་གྱུར་ཡོད།

སྤྱི་བསྒྲགས་ཡོངས་བསྒྲགས་བྱས་མ་ཐག དྲ་གྲོགས་ Lvychen ཡིས་ཁོ་མོའི་འཕྲིན་ཆུང་གི་ནང་དོན་གསར་པ་བརྗེས་ནས། དུས་རབས་འདིར། གཞུང་དྲང་དང་དྲང་བདེན་སྐབས་རེ་རྒྱུ་ནོར་ལས་ལྷག་པ་ཡོད། ཁྲིམས་སྐྱོང་གིས་མི་ཚང་མར་གཞུང་དྲང་བྱེད་པའི་གོ་སྐབས་སྐྲུན་པ་དང་། སྤྱི་ཚོགས་ཀྱང་སྔར་བས་ཞི་མཐུན་ཡོང་ཐུབ་ཅེས་འཁོད་ཡོད་པ་རེད།

དྲ་གྲོགས་མོ་མོ་ཞེས་པས། སྤྱི་བསྒྲགས་ཀྱི་ནང་དོན་ཞིབ་ཚགས་ངང་ལྟ་ཀློག་བྱས་པས། ཡིག་འབྲུ་རེ་རེའི་ནང་དོན་ངོ་མ་དང་སེམས་འགུལ་ཐེབས་པ་ཞིག་འདུག མི་ཁག་ཅིག་གིས་ཁྲིམས་སྐྱོང་ནི་རླབས་ཆེ་བས། ང་ཚོ་མི་སེར་དཀྱུས་མ་དང་ཐད་ཀའི་འབྲེལ་བ་ཡོད་དམ་ཅེས་བརྗོད་ཀྱི་ཡོད། སྤྱི་བསྒྲགས་ལྟ་ཀློག་བྱས་ཚེ་ཁྱེད་ཀྱིས་ཤེས་རྟོགས་བྱེད་ཐུབ་པར། ཁྲིམས་སྐྱོང་དེ་ཡང་ཞིབ་ཕྲ་ཞིག་དང་། དེ་རྒྱལ་ཁབ་བཅོས་སྒྲིག་དང་མི་སེར་གྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པ་དང་། ཁྲིམས་སྐྱོང་དང་དཔལ་འབྱོར་འབྲེལ་བ་དམ་ཟབ་ཡོད། ཁྲིམས་སྐྱོང་འཐུས་ཚང་བྱུང་ཚེ། གཞི་ནས་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་ཡོང་ཐུབ་པ་དང་། མི་སེར་གྱི་འཚོ་བའི་ཆུ་ཚད་ཀྱང་སྔར་བས་མཐོ་རུ་འགྲོ་ཐུབ་ཅེས་འཁོད་ཡོད་པ་རེད།

 དྲ་གྲོགས་མང་པོས་བལྟས་ཚེ། ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་མི་སེམས་སུ་ཟུག་དགོས་དོན་ནི། དེའི་ནང་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་ཁ་ཕྱོགས་ཆེན་པོ་གསལ་བཏོན་བྱས་ཡོད་ལ། དེ་བས་གལ་ཆེ་བ་ཞིག་ནི། དེའི་ནང་། ཁྲིམས་སྐྱོང་གི་ཁྱབ་ཁོངས་མང་པོའི་ཞིབ་ཕྲའི་བསྒྱུར་བཅོས་བྱ་ཐབས་གསལ་པོ་བཏོན་པས། དེས་མི་རྣམས་ལ་ཁྲིམས་སྐྱོང་ལག་བསྟར་ནན་པོ་བྱེད་རྒྱུའི་ཚོར་སྣང་བྱུང་ཡོད། ཤིན་ལའང་པོད་ཕྲན་གྱི་དྲ་གྲོགས་ཞིག་གིས། ཁྲིམས་ལྟར་རྒྱབ་ཁབ་སྐྱོང་རྒྱུའི་ཐད། སྲིད་ཇུས་དང་བྱེད་ཕྱོགས། འཐབ་ཇུས་བཅས་ཚང་མའི་ཕྱོགས་ནས་མཛུབ་སྟོན་གསལ་པོ་བྱས་ཡོད་པས། གོམ་སྟབས་རྗེས་མར་སྡེ་ཁག་ཁག་དང་ལས་རིགས་ཁག མི་སྒེར་ཁག་བཅས་དང་ལྷག་དོན་དུ། ཁྲིམས་ལུགས་མི་སྣས་རང་སོའི་དབང་ཆའི་ཁྱབ་ཁོངས་ནང་ཁྲིམས་སྐྱོང་བསམ་བློ་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལག་བསྟར་ནན་པོ་བྱེད་པ། ཁྲིམས་སྐྱོང་གི་དབང་གྲགས་སྲུང་སྐྱོབ་བཅས་བྱས་ཏེ། ཁྲིམས་སྐྱོང་ཡོང་ཆེད་མིག་མཐོང་ལག་འཛིན་ཀྱི་གྲུབ་འབྲས་དང་ལེགས་སྐྱེས་འབུལ་དགོས་ཞེས་འཁོད་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག