མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚའོ་ཅན་མིང་གིས་ཞིབ་དཔྱད་ལས་དོན་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་གྱི་བཀོད་སྒྲིག་དང་སྦྲེལ་དགོས་ཞེས་གསུངས་ཡོད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-28 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས24ཉིན་གྱི་ཞོགས་པར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་བྱེད་པའི་ཚོགས་འདུ་འཚོགས་ཡོད་པ་རེད།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཚོ་ཆུང་གི་ཧྲུའུ་ཅི་དང། ཞིབ་དཔྱོད་དཔོན་ཚའོ་ཅན་མིང་གིས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ས་གནས་རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་ནི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ནུས་ཤུགས་གལ་ཆེན་ཞིག་ཡིན་པས། མ་སྐུལ་དང་བླངས་ཀྱིས་ཞིབ་དཔྱོད་ལས་དོན་ཁག་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་གྱི་བཀོད་སྒྲིག་དང་སྦྲེལ་དགོས་ཤིང་། རུལ་སུངས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། བྲོས་བྱོལ་རྗེས་སྙེག་དང་བརྐུས་དངུལ་ཚུར་ལེན་བྱེད་པ། ཕྱིར་བྲོས་པའི་མི་རྣམས་འཛིན་སྐྱེལ་རྩིས་སྤྲོད་བྱེད་ཚད་ཆེར་གཏོང་དགོས་པ་དང། སྲིད་འཛིན་ཁྲིམས་ལྟར་ལག་བསྟར་བྱེད་རྒྱུ་དང་ཉེས་ཆད་ཐད་ཀྱི་ཁྲིམས་འཛིན་བྱེད་རྒྱུའི་སྦྲེལ་མཐུད་སྒྲིག་གཞི་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བྱས་ནས། གྱོད་གཞི་ཡོད་ཀྱང་ཐག་གཅོད་མི་བྱེད་པ། གྱོད་གཞི་ཡོད་ཀྱང་ཐག་གཅོད་དཀའ་བ། དངུལ་གྱིས་ཁྲིམས་ཆད་ཀྱི་ཚབ་བྱེད་པ་བཅས་ཀྱི་གནས་ཚུལ་མཐའ་གཅིག་ཏུ་ཁྱད་བསད་བྱེད་དགོས་པ་དང། གཏུག་བཤེར་བྱེད་སྒོའི་ཁྲིམས་ལུགས་ལྟ་སྐུལ་བྱེད་ཚད་ཤུགས་ཆེར་བཏང་ནས། ཁྲིམས་འཛིན་རུལ་སུངས་ལ་ཉེས་ཆད་ནན་པོ་གཅོད་དགོས། རིམ་པ་ཁག་གི་ཞིབ་དཔྱོད་ལས་ཁུངས་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟ་སྐུལ་ལས་ཁུངས་ཞིག་ཡིན་པའི་ཆ་ནས། ཁྲིམས་འཛིན་དྲང་བཞག་ལ་འགན་སྲུང་དང་། ཁྲིམས་འཛིན་གྱི་སྤྱིའི་ཡིད་རྟོན་བྱེད་ཚད་མཐོར་གཏོང་བའི་བླང་བྱར་ངེས་པར་དུ་དམིགས་ནས། རང་ངོས་ཀྱི་ནན་པོ་དང་། ཚད་ལྡན། གཞུང་དྲང་། ཡ་རབས་བཅས་ཀྱི་ཐོག་ནས་ཁྲིམས་འཛིན་བྱེད་པའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་ཤིང་། འདྲི་གཅོད་ལྟེ་བར་བྱས་པའི་གཏུག་བཤེར་ལམ་ལུགས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཛིན་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས། ནང་ཁུལ་གྱི་ལྟ་སྐུལ་ཚོད་འཛིན་སྒྲིག་གཞི་སྔར་ལས་འཐུས་ཚང་ཏུ་གཏོང་བ་དང། ཞིབ་དཔྱོད་ལས་དོན་སྤྱི་བསྒྲགས་བྱེད་ཚད་གཏིང་ཟབ་ཏུ་བཏང་ནས། སྒོ་འབྱེད་པ་དང་། གསོན་ཉམས་ལྡན་པ། ཁ་གསལ་བ། དམངས་ལ་ཕན་པ་བཅས་ཀྱི་འོད་སྣང་ཅན་གྱི་ཞིབ་དཔྱོད་ལས་དོན་ཀྱི་སྒྲིག་གཞི་ཞིག་འཛུགས་དགོས་ཞེས་ནན་བཏོན་གནང་འདུག   །  

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག