མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མི་དམངས་ཉིན་རེའི་ཚགས་པར་སྟེང་ཏང་གི་མགོ་ཁྲིད་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གོ་རིམ་ཧྲིལ་བོའི་ཁྲོད་ལག་ལེན་མཐར་ཕྱིན་བྱེད་དགོས་ཞེས་པའི་དཔྱད་བརྗོད་པའི་རྩོམ་ཡིག་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-27 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་བདུན་ཉིན་པར་དུ་བསྐྲུན་པའི་མི་དམངས་ཉིན་རེའི་ཚགས་པར་སྟེང་ཁ་ཡིག་ལ་ཏང་གི་མགོ་ཁྲིད་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གོ་རིམ་ཧྲིལ་བོའི་ཁྲོད་ལག་ལེན་མཐར་ཕྱིན་བྱེད་དགོས་ཞེས་པའི་དཔྱད་བརྗོད་པའི་རྩོམ་ཡིག་སྤེལ།

རྩོམ་ཡིག་ནང་བཀོད་དོན། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ན། ཐོག་མར་ཡང་དག་པའི་འཕེལ་རྒྱས་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གནད་འགག་ནི་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་འགན་སྲུང་ལྡན་པ་དེ་རེད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ན་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གྱིས་བསྟན་པར་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་གཞི་རྩའི་ཁ་ཕྱོགས་གཏན་འཁེལ་གསལ་བོ་བྱས་དང་། གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས། རྩོམ་ཡིག་ནང་ནན་གྱིས་བསྟན་དོན། ཏང་གི་མགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོ་ལྡན་པའི་ཁྱད་ཆོས་ཡིན་ལ། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་ཆེས་རྩ་བའི་འགན་སྲུང་ཡང་ཡིན། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཁ་བཤད་ཙམ་མ་ཡིན། ཕྱོགས་གཅིག་ནས་ཏང་གི་མགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་རྒྱུན་འཁྱོངས་བྱས་ནས། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཕྱོགས་སོ་སོའི་བྱ་བ་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས། ཕྱོགས་གཞན་ཞིག་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཏང་གི་མགོ་ཁྲིད་ཇེ་ལེགས་སུ་གཏོང་དགོས་ལ། ཏང་ཡོན་ལས་བྱེད་པའི་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་ལྟར་དོན་སྒྲུབ་པའི་ནུས་པ་ཇེ་ཆེར་བཏང་སྟེ། ཁྲིམས་དང་འགལ་ནས་དབང་ཆ་བཀོལ་མི་ཆོག་ལ། རང་གི་སྐད་ཆས་བཅའ་ཁྲིམས་ཀྱི་ཚབ་བྱེད་མི་ཆོག་པ་དང་། དབང་ཆས་བཅའ་ཁྲིམས་ལ་གནོན་ཤུགས་སྟེར་མི་ཆོག་ལ། ཉེར་ཕྱོགས་ཁྲིམས་འགལ་བྱེད་མི་ཆོག་པ་བཅས་བྱས་ནས། ཏང་གི་མགོ་ཁྲིད་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གོ་རིམ་ཧྲིལ་བོའི་ཁྲོད་ལག་ལེན་མཐར་ཕྱིན་བྱེད་དགོས་ན། ང་ཚོས་ངེས་པར་དུ་སྲིད་འཛིན་ལས་འགན་བཟང་བོར་སྒྲུབ་དགོས་པ་དང་། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བཟང་བོ་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག