མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།

བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-26 10:45

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའུ་ཡི་ཧྲུའུ་ཅི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་པ་དང་། ཁྲིམས་ལྟར་སྲིད་འཛིན་འཛུགས་སྐྲུན་ཁྲིམས་སྐྱོང་སྲིད་གཞུང་བྱ་བར་ཡར་སྐུལ་བྱེད་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཐབས་ཇུས་དང་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལྟར། གཤམ་གྱི་བྱ་བ་འགའ་དམ་འཛིན་བྱེད་དགོས། གཅིག ཁྲིམས་ལྟར་སྲིད་གཞུང་གི་འགན་ནུས་བསྒྱུར་བར་ཡར་སྐུལ་བྱེད་དགོས། གཉིས། སྲིད་གཞུང་གི་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱས་ཏེ། སྲིད་གཞུང་གི་ཁྲིམས་ལུགས་དང་མཐུན་པའི་ཐབས་ཇུས་ནང་རྐྱེན་ཆ་ཚང་དུ་གཏོང་བ་དང་། རང་འགུལ་སྒོས་བཅོས་སྒྱུར་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པར་བྱེད་དགོས། གསུམ། སྲིད་འཛིན་ཁྲིམས་སྐྱོང་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། ལས་ཁུངས་སོ་སོའི་ཁྲིམས་འཛིན་དབང་ཆ་གཙང་བཤེར་བྱེད་པ་དང་ཕྱོགས་བསྡུས་ཁྲིམས་སྐྱོང་ལ་སྐུལ་འདེད་བཏང་ནས། དབང་ཆ་དང་འགན་འཁྲི་མཉམ་བསྲེས་དང་སྣ་མང་ཁྲིམས་འཛིན་གྱི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས། ཕྱོགས་ཡོངས་ནས་སྲིད་དོན་ཁྱབ་སྒྲོག་ལ་སྐུལ་འདེད་གཏོང་བ་དང་། ཐབས་ཇུས་དང་ལག་བསྟར། མཇུག་འབྲས་བཅས་མངོན་གསལ་སྒོས་ཁྱབ་སྒྲོག་བྱས་ནས་སྲིད་གཞུང་གི་ཡིད་ཆེས་ནུས་པ་ཇེ་ཆེར་གཏོང་དགོས་བཅས་རེད།   །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག