མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཐན་ཙན་ནི་ཡའི་ཙུང་ཐུང་ཅི་ཁོས་ཐི་ལ་མཇལ་འཕྲད་གནང་།

ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-26 10:44

习近平举行仪式欢迎坦桑尼亚总统基奎特访华1.jpg

ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ་ཐན་ཙན་ནི་ཡ་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཅི་ཁོས་ཐི་རང་རྒྱལ་དུ་རྒྱལ་དོན་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས།

习近平举行仪式欢迎坦桑尼亚总统基奎特访华2.jpg

ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ་ཐན་ཙན་ནི་ཡ་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཅི་ཁོས་ཐི་རང་རྒྱལ་དུ་རྒྱལ་དོན་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། པར་འདི་ནི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་ཀྱིས་ཙུང་ཐུང་ཅི་ཁོས་ཐི་བཟའ་ཟླ་གཉིས་དང་མཉམ་དུ་པར་བླངས་པའི་ཚུལ་རེད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ་ཐན་ཙན་ནི་ཡ་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཅི་ཁོས་ཐི་རང་རྒྱལ་དུ་རྒྱལ་དོན་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས།

    དགའ་བསུ་ཞུ་བའི་མཛད་སྒོའི་རྗེས་སུ། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཙུང་ཐུང་ཅི་ཁོས་ཐི་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཐན་ཙན་ནི་ཡ་གཉིས་ཀྱི་སྲོལ་རྒྱུན་མཛའ་བཤེས་ལ་གཟེངས་བསྟོད་བྱས་པར་མ་ཟད། སྔར་སྲོལ་རྒྱུན་འཛིན་དང་མ་འོང་གསར་གཏོད་བྱེད་པ་དང་། ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཐན་ཙན་ནི་ཡ་གཉིས་ཀྱི་གཉིས་ཕན་མཉམ་རྒྱལ་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུར་གཅིག་གྱུར་སྒོས་འཐད་པ་བྱུང་།

    ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ནི་ཡ་ཕྱོགས་དང་མཉམ་དུ་སྔར་སྲོལ་རྒྱུན་འཛིན་དང་མ་འོང་གསར་གཏོད་བྱས་ནས། ཀྲུང་གོ་དང་ཐན་ཙན་ནི་ཡ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་གསར་བ་བསྐྲུན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཛའ་མཐུན་གཉིས་ཕན་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བར་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཟེར།

    ཅི་ཁོས་ཐི་ཡིས་བཤད་རྒྱུར། ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་ཐན་ཙན་ནི་ཡར་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱི་མཛའ་མཐུན་འབྲེལ་བར་གཅེས་སྤྲས་བྱས་ནས། སྔར་ལྟར་ཀྲུང་གོ་ཕྱོགས་ལ་བློ་བརྟན་འགྱུར་མེད་སྒོས་རོགས་སྐྱོར་བྱེད་རྒྱུ་ཡིན། ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་པོ་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་གླེང་སྟེགས་བཟང་བོར་སྤེལ་བ་དང་། ལག་གདང་སྦྲེལ་ནས་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ཏེ། ཨ་ཧྥེ་རི་ཁ་གླིང་ས་ཁུལ་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

    གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་དཔལ་འབྱོར་ལག་རྩལ་མཉམ་ལས་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག