མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་གོ་ལིས་ཀྱིས་པེ་ཅིན་ནས་ཚོགས་པའི་པེ་ཅིན་དང་ཐེན་ཅིན། ཧི་པེ་དེ་མིན་དེའི་མཐའ་འཁོར་ས་ཁུལ་གྱི་མཁའ་དབུགས་བཙོག་གྱུར་སྔོན་འགོག་མཐུན་སྦྱོར་བྱེད་པའི་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པ་མ་ཟད་གསུང་བཤད་གནང་།

བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-26 10:44

222.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ལིས་ཀྱིས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་ཚོགས་པའི་པེ་ཅིན་དང་ཐེན་ཅིན། ཧི་པེ་དེ་མིན་དེའི་མཐའ་འཁོར་ས་ཁུལ་གྱི་མཁའ་དབུགས་བཙོག་གྱུར་སྔོན་འགོག་མཐུན་སྦྱོར་བྱེད་པའི་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པ་མ་ཟད་གསུང་བཤད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ལིས་ཀྱིས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་ཚོགས་པའི་པེ་ཅིན་དང་ཐེན་ཅིན། ཧི་པེ་དེ་མིན་དེའི་མཐའ་འཁོར་ས་ཁུལ་གྱི་མཁའ་དབུགས་བཙོག་གྱུར་སྔོན་འགོག་མཐུན་སྦྱོར་བྱེད་པའི་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པ་མ་ཟད་གསུང་བཤད་གནང་། ཀྲང་གོ་ལིས་ཀྱིས་ནན་གྱིས་བསྟན་དོན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་སྟེང་མཁའ་དབུགས་ཀྱི་རྒྱུ་སྤུས་འགན་སྲུང་དང་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ཁྱབ་ཁོངས་ཀྱི་མཁའ་དབུགས་བཙོག་གྱུར་སྔོན་འགོག་བྱེད་པའི་བྱ་བ་ནི། དེང་སྐབས་ཀྱི་མཁའ་དབུགས་བཙོག་གྱུར་ལ་སྔོན་འགོག་བྱེད་པའི་བྱ་བ་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། ངེས་པར་དུ་དམ་འཛིན་བཟང་བོ་བྱས་ནས་ཕན་འབྲས་ལེན་པར་བྱེད་དགོས་ཟེར།

    ཀྲང་གོ་ལིས་ཀྱིས་པེ་ཅིན་དང་ཐེན་ཅིན། ཧི་པེ་དང་དེའི་མཐའ་འཁོར་ས་ཁུལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་དྲུག་དང་ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ་བར་ཉན་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་གྲོས་ཚོགས་སྟེང་མཁའ་དབུགས་རྒྱུ་སྤུས་འགན་སྲུང་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཁའ་དབུགས་རྒྱུ་སྤུས་འགན་སྲུང་བྱ་བར་མཛུབ་སྟོན་གལ་ཆེན་གནང་ཞིང་། ཙུང་ལི་ལིས་ཁི་ཆང་གིས་རེ་བ་གསལ་བོར་བཏོན། མཁའ་དབུགས་ཆེན་མོ་བཅུ་ལག་བསྟར་བྱས་ནས་ལོ་གཅིག་ལྷག་གི་རིང་ལ། མཁའ་དབུགས་ཆེན་མོའི་བཙོག་གྱུར་ལ་སྔོན་འགོག་བྱེད་པའི་བྱ་བར་གྲུབ་འབྲས་ཅུང་ཆེན་པོ་བླངས་མོད། ཡིན་ནའང་མཁའ་དབུགས་ཆེན་མོར་བཙོག་གྱུར་ཐེབས་པར་ཐག་གཅོད་རྒྱུ་ནི་ཡུན་རིང་ཞིང་། དཀའ་ཚེགས་ཆེ་བ། རྙོག་འཛིང་ཆེ་བའི་ལས་འགན་ཞིག་རེད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་གྲོས་ཚོགས་སྐབས་སུ་སྟོན་ཁ་ནས་དགུན་དུས་སུ་བསླེབ་པའི་དུས་སྐབས་ཡིན་པ་དང་། བྱང་ཕྱོགས་ས་ཁུལ་ནས་ཀྱང་རླངས་སྣུམ་བཀོལ་ནས་དྲོད་གཏོང་བའི་དུས་སུ་བསླེབས་པས། མཁའ་དབུགས་ཀྱི་རྒྱུ་སྤུས་ཇེ་བཟང་དུ་གཏོང་བར་དཀའ་ཁག་ཆེན་པོ་བཟོས། འགན་འཁྲི་མཐོན་པོས་ཇི་མ་ཇི་བཞིན་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་གྲོས་ཚོགས་སྐབས་ཀྱི་མཁའ་དབུགས་ཀྱི་རྒྱུ་སྤུས་འགན་སྲུང་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས་ཟེར།

    ཀྲང་གོ་ལིས་ཀྱིས་ནན་གྱིས་བསྟན་དོན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་དྲུག་གིས་གློག་ཤུགས་དང་། ལྕགས་རིགས། ཤིང་རིགས། རྡོ་རིགས་ལས་སྣོན་སོགས་བཟོ་ལས་དང་ཁེ་ལས་བཅས་ཀྱིས་ཐོན་ལས་ལས་སྣོན་ཇེ་ཉུང་དུ་གཏོང་དགོས་པ་དང་། བཙོག་རྫས་ཕྱིར་འདོན་པའི་བྱ་བ་ཇེ་ཉུང་དུ་གཏོང་བ། ཨར་ལས་བཟོ་སྐྲུན་ལས་སྣོན་བྱ་བ་མཚམས་འཇོག་པའི་བྱ་བ་དམ་འཛིན་བྱེད་པ་དང་། བར་སྣང་གི་བཙོག་རྫས་ཚོད་འཛིན་ནན་མོ་དང་། རླངས་འཁོར་ཆེན་མོའི་རིགས་དོ་དམ་ནན་མོ་བཅས་བྱས་ནས། པེ་ཅིན་དུ་ཡོང་བའི་རླངས་འཁོར་གྱི་ཁོར་ཡུག་སྲུང་སྐྱོབ་དོ་དམ་བྱ་བར་ཤུགས་སྣོན་དགོས་པ་དང་། ཁྲིམས་དང་འགལ་ནས་བཙོག་རྫས་ཕྱིར་གཏོང་བའི་བྱ་སྤྱོད་ལ་རྩད་ནན་མོ་བཅད་དེ། གོང་རིམ་གྱིས་གཏན་ལ་ཕབ་པའི་ལས་འགན་སྣ་ཚོགས་ངེས་པར་དུ་ཡོངས་འགྲུབ་བྱེད་དགོས་ཟེར།

    ཀྲང་གོ་ལིས་ཀྱིས་བསྟན་དོན། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་མཁའ་དབུགས་བཙོག་གྱུར་ལ་སྔོན་འགོག་བཅོས་སྐྱོང་བྱེད་པའི་བྱ་བ་བཟང་བོར་སྒྲུབ་རྒྱུ་ནི། ས་ཁུལ་དང་སྡེ་ཁག་སོ་སོར་མཚོན་ན་མཁའ་དབུགས་ཆེན་མོ་བཅུ་དངོས་འབེབས་བྱེད་པའི་ཉམས་སད་ཆེན་པོ་ཐེངས་ཤིག་རེད། རྡོ་སོལ་འབུད་པའི་བཙོག་རྫས་ཇེ་ཉུང་དུ་གཏོང་བ་དང་། ལོ་ཧྲིལ་བོའི་རླངས་འཁོར་རྙིང་བ་ས་ཡ་དྲུག་ལྷག་མེད་པར་གཏོང་བའི་ལས་འགན་ཡོངས་འགྲུབ་བྱེད་དགོས་པ་དང་། སོག་མ་འབུད་པ་དང་ཡང་ན་ཤོག་སྦག་གཏོང་བ་སོགས་བཀག་འགོག་བྱས་ནས། མཁའ་དབུགས་བཙོག་གྱུར་ལས་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་ཐོན་སྐྱེད། འཚོ་བར་ཤུགས་རྐྱེན་ཐེབས་པར་ངེས་པར་དུ་ཇེ་ཉུང་དུ་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག