མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཐན་ཙན་ནི་ཡའི་ཙུང་ཐུང་ཅི་ཁོས་ཐི་ལ་མཇལ་འཕྲད་གནང་།

བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-26 10:44

李克强会见坦桑尼亚总统基奎特.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐན་ཙན་ནི་ཡའི་ཙུང་ཐུང་ཅི་ཁོས་ཐི་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐན་ཙན་ནི་ཡའི་ཙུང་ཐུང་ཅི་ཁོས་ཐི་ལ་མཇལ་འཕྲད་གནང་།

    མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ནི་ཡ་ཕྱོགས་དང་མཉམ་དུ་ཞིང་ལས་དང་བཟོ་ལས་ས་ཁུལ། དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། མངའ་ཁོངས་མཁའ་འགྲུལ་མཉམ་ལས་བྱེད་པའི་ཐད་ནས་ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོའི་མཁའ་འགྲུལ་ལག་རྩལ་ཚད་གཞི་དེ་ཨ་ཧྥེ་རི་ཁ་ཤར་མའི་མཁའ་འགྲུལ་བདེ་འཇགས་གཅིག་གྱུར་ཚད་གཞི་རུ་འཛིན་པར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་དང་ཐན་ཙན་ནི་ཡ། ཙན་པི་ཡ་བཅས་རྒྱལ་ཁབ་གསུམ་གྱིས་མཉམ་དུ་འབད་བརྩོན་བྱས་ཏེ། ཐན་ཙན་ནི་ཡ་དང་ཙན་པི་ཡའི་ལྕགས་ལམ་ལ་གསོན་ཤུགས་གསར་བ་རྒྱས་སུ་བཅུག་ནས་དུས་སྐབས་གསར་བའི་ནང་ཨ་ཧྥེ་རི་ཁ་གླིང་གི་ལྕགས་ལམ་སྐྱེལ་འདྲེན་དོ་དམ་གྱི་དཔེ་སྟོན་རང་བཞིན་གྱི་ལས་གཞི་རུ་འགྱུར་བྱེད་དགོས་ཟེར།

    ཅི་ཁོས་ཐི་ཡིས་བཤད་རྒྱུར། ཐན་ཙན་ནི་ཡ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུའི་རིང་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བཟོད་སྒོམ་དང་རྒྱབ་སྐྱོར་བྱས། ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་རོགས་རམ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེས་ཞུས་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་པ་དང་། ཙན་པི་ཡ་ཕྱོགས་དང་མཉམ་དུ་ཐན་ཙན་ནི་ཡ་དང་ཙན་པི་ཡའི་ལྕགས་ལམ་བདག་གཉེར་བཟང་བོ་བྱས་ནས། ཐན་ཙན་ནི་ཡ་དང་ཀྲུང་གོའི་བར་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོ་བར་གྱི་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག