མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་པཱ་ཧ་མའི་གྲོས་ཞུགས་ཁང་གི་གྲོས་དཔོན་ཝེ་ཨར་ཞོང་ལ་མཇལ་འཕྲད་གནང་།

བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-26 10:44

333.jpg

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་པཱ་ཧ་མའི་གྲོས་ཞུགས་ཁང་གི་གྲོས་དཔོན་ཝེ་ཨར་ཞོང་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་པཱ་ཧ་མའི་གྲོས་ཞུགས་ཁང་གི་གྲོས་དཔོན་ཝེ་ཨར་ཞོང་ལ་མཇལ་འཕྲད་གནང་།

    ཡུས་ཀྲིན་ཧྲིན་གྱིས་གསུང་རྒྱུར། པཱ་ཧ་མ་ནི་ཀྲུང་གོའི་ཅ་ལི་པེས་ཡ་ས་ཁུལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་རེད། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཅ་ལེ་པེས་ཡ་ས་ཁུལ་ནས་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་མཛད་པའི་ཚུན་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་བྱུང་། ད་ལྟ་ཀྲུང་གོ་དང་པཱ་ཧ་མའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཆེས་བཟང་བོ་རེད། ཀྲུང་གོ་ཕྱོགས་ཀྱིས་པཱ་ཧ་མ་དང་མཉམ་དུ་མུ་མཐུད་དུ་ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་བཀོད་པའི་ཐུན་མོང་གི་ལྟ་བ་དངོས་འབེབས་བཟང་བོ་བྱས་ནས། ཆབ་སྲིད་བར་ཕན་ཚུན་ཡིད་ཆེས་དང་། དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། མི་གཞུང་བརྗེ་རེས་བྱ་བ་རྒྱ་བསྐྱེད་པ་དང་། རྒྱལ་སྤྱིའི་མཐུན་སྦྱོར་བྱ་བ་དམ་འཛིན་བྱས་ནས། མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་པཱ་ཧ་མའི་འབྲེལ་ཡོད་ལས་ཁུངས་དང་མཉམ་ལས་བྱས་ནས། ཀྲུང་གོ་དང་པཱ་ཧ་མ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་དང་ཡར་སྐུལ་གཏོང་འདོད་ཡོད་ཟེར།

    ཝེ་ཨར་ཞོང་གིས་བསྟན་དོན། པཱ་ཧ་མ་ཕྱོགས་ཀྱིས་ཡུན་རིང་ལ་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བར་ཤུགས་སྣོན་འདོད་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་པཱ་ཧ་མའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་དང་རོགས་རམ་གནང་བར་བཀའ་དྲིན་ཞུས་པ་ཡིན་ལ། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་སོ་སོའི་མཉམ་ལས་བྱ་བ་ཡར་སྐུལ་གཏོང་བར་འབད་པ་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག