མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱང་སྐྱོད་གསུམ་པ་ཁ་པ་རྟགས་ཅན་གྱི་ཤུགས་སྐྱེད་མེ་ཤུགས་འཕུར་མདའ་གསར་དུ་བསྟན་ནས་ཟླ་བར་འཚོལ་ཞིབ་བྱེད་པའི་དུས་མཚམས་གསུམ་པའི་སྔོན་འགྲོའི་རོལ་དབྱངས་སྒྲོག

བདེ་ཆེན་དབང་མོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-25 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་23ཉིན། ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱི་ལས་གྲྭ་གཉིས་པར། རྒྱང་སྐྱོད་གསུམ་པ་ཁ་པ་རྟགས་ཅན་གྱི་ཤུགས་སྐྱེད་མེ་ཤུགས་འཕུར་མདའ་མཐོན་པོར་བསླང་ཡོད་པ་དང་། དྲོ་ནུས་ཀྱི་འབུད་འདེད་རྫས་སྦྱོར་བླུག་བཞིན་པའི་སྒང་རེད།

རང་རྒྱལ་གྱི་ཟླ་བར་འཚོལ་ཞིབ་བྱེད་པའི་ལས་གྲྭའི་དུས་མཚམས་གསུམ་པ་དེས་ཐེངས་དང་པོར་ཟླ་བའི་གོ་ལའི་འཁོར་ལམ་ནས་སའི་གོ་ལར་ཕྱིར་ལོག་པའི་འཕུར་བསྐྱོད་ཚོད་ལྟ་བྱ་རྒྱུ་ཡིན་པ་དང་། འཕུར་སྐྱོད་ཚོད་ལྟ་བྱེད་ཆས་ནི་འཆར་གཞི་ལྟར་སྤྱི་ཚེས་24ཉིན་ནས་སྤྱི་ཚེས་26ཉིན་གྱི་བར་ལ་ཞི་ཁྲང་སྲུང་སྐར་འཕྲོ་གཏོང་ལྟེ་གནས་ནས་འཕྲོ་གཏོང་བྱེད་རྒྱུ་རེད། འཕུར་སྐྱོད་ཚོད་ལྟ་བྱེད་ཆས་འདི་འདེགས་བྱེད་ནི་རྒྱང་སྐྱོད་གསུམ་པ་ཁ་པ་རྟགས་ཅན་གྱི་ཤུགས་སྐྱེད་མེ་ཤུགས་འཕུར་མདའ་དེ་རེད།

ངོ་སྤྲོད་བྱེད་པར་གཞིགས་ན། རྒྱང་སྐྱོད་གསུམ་པ་ཁ་པ་རྟགས་ཅན་གྱི་ཤུགས་སྐྱེད་མེ་ཤུགས་འཕུར་མདའ་དེས་གསེར་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་སྟེ། རྒྱང་སྐྱོད་གསུམ་པ་ཀ་པ་རྟགས་ཅན་གྱི་ཤུགས་སྐྱེད་མེ་ཤུགས་འཕུར་མདའི་ལག་རྩལ་རྒྱུད་འཛིན་བྱེད་པའི་རྨང་གཞི་ཐོག མེ་ཤུགས་འཕུར་མདའ་རིམ་པ་དང་པོ་དང་འབུད་འདེད་ཡོ་ཆས་ཀྱི་རིང་ཚད་རིང་དུ་བཏང་ཡོད། དུས་མཚུངས་སུ་རིམ་པ་གཉིས་པའི་སྒུལ་བྱེད་འཕྲུལ་འཁོར་གྱིས་རང་རྒྱལ་གྱི་བློ་འཁེལ་ཚད་མཐོ་ཤོས་ཡིན་པའི། རྒྱང་སྐྱོད་གཉིས་པའི་Fརྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་རིམ་པ་གཉིས་པའི་སྒུལ་བྱེད་འཕྲུལ་ཆས་བེད་སྤྱོད་བྱས་ཡོད་པ་དང་།

ཐེངས་འདིའི་འཕུར་སྐྱོད་འཕྲུལ་ཆས་ཀྱི་ཚོད་ལྟའི་ལས་འགན་ལ་ཤུགས་ཆེ་བའི་སྐྱེལ་འདྲེན་ནུས་པ་ཐོན་རྒྱུ་དང་འཕུར་སྐྱོད་ཐད་དེ་བས་བློ་འགེལ་ཆོག་པ་ཡོང་རྒྱུ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག