མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་སྐུ་ཚབ་ཀྱིས་དར་རྒྱས་མེད་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་ཏན་ཏིག་བྱས་ནས་འགྲན་རྩོད་ལ་ཁ་གཏད་གཅོག་དགོས་ཞེས་རེ་འབོད་ཞུས་པ།

བདེ་ཆེན་དབང་མོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-25 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་23ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་ཀྲུང་གོའི་སྐུ་ཚབ་གཞོན་པ་ཝང་མིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དར་རྒྱས་མེད་པའི་རྒྱལ་ཁབ་དང་སྐམ་སའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གོང་འཕེལ་གཏོང་བར་མུ་མཐུད་ནས་རྒྱབ་སྐྱོར་བྱེད་དགོས་པ་དང་། ཁོང་ཚོས་འགྲན་རྩོད་དང་ཕོག་ཐུག་སྣ་ཚོགས་ལ་ཧུར་བརྩོན་ཆེན་པོས་ཁ་གཏད་གཅོག་པར་རྒྱབ་སྐྱོར་ཏན་ཏིག་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཝང་མིང་གིས་གཞུང་ཕྱོགས་ཀྱི་འཕེལ་རྒྱས་རོགས་སྐྱོར་ནི་དར་རྒྱས་མེད་པའི་རྒྱལ་ཁབ་དང་སྐམ་ས་དབུས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཐད་ཀར་དུ་ཕན་ནུས་ལྡན་པའི་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིན་ལ། དེ་ཡང་དེའི་ཕྱི་ལོགས་ཀྱི་མ་དངུལ་ཡོང་ཁུངས་ཆེ་ཤོས་ཤིག་ཀྱང་རེད། ང་ཚོས་རོགས་སྐྱོར་བྱེད་མཁན་རྒྱལ་ཁབ་དེ་ཚོས་དམ་བཅའ་ལག་ལེན་ནན་ཏན་བྱེད་པ་དང་། རོགས་སྐྱོར་ཐོབ་སྐལ་བགོ་བཤའ་རྒྱག་དུས་དར་རྒྱས་མེད་པའི་རྒྱལ་ཁབ་དང་སྐམ་སའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཐོབ་འོས་པའི་མཐོང་ཆེན་སྤྲོད་དགོས་པ་མ་ཟད། ད་དུང་བགོ་བཤའ་རྒྱག་དུས་ཆ་མི་སྙོམས་པའི་གནད་དོན་སོགས་ཐག་གཅོད་བྱེད་རྒྱུར་དོ་སྣང་བྱེད་དགོས་པའི་རེ་འབོད་ཞུས་ཡོད་ཅེས་གསུངས་ཡོད་པ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག