མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་དུ་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་བཞིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-24 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2014ལོའི་ཟླ10པར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྲིམས་སྐྱོང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་རྒྱུ་དེ་སྔར་ནས་ཐོན་མྱོང་མེད་པའི་ཚད་གཞིའི་ཐོག་ཏུ་རིམ་སྤར་བྱས་པ་ཏེ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སྤར་བ་དང་གྲོས་ཚོགས་ཐོག་ཁྲིམས་སྐྱོང་གི་རྒྱལ་ཁབ་དང་ཁྲིམས་སྐྱོང་གི་སྲིད་གཞུང་། ཁྲིམས་སྐྱོང་གི་སྤྱི་ཚོགས་བཅས་གཞི་གཅིག་ཅན་འཛུགས་སྐྲུན་ཐད་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པ་རེད།

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་ལས་རིགས་ཁག་གིས་ད་སྤྱོད་ཀྱི་རྩ་ཁྲིམས་སྤྱི་བསྒྲགས་ལག་ལེན་བསྟར་ནས་ལོ་ངོ30འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གྱི་ཐོག་ཏུ་བསྟན་དོན། སྤྱི་དམངས་བཅའ་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་པ་འགན་ལེན་དང་འགྲོ་བ་མིའི་དབང་ཆར་བརྩི་བཀུར་དང་འགན་སྲུང་། མི་དམངས་ལ་ཁྲིམས་ལྟར་རྒྱ་ཁྱབ་ཐོག་ཁེ་དབང་དང་རང་མོས་སྤྱོད་དབང་ཡོད་པ་འགན་ལེན་བཅས་བྱས་ཚེ། རྩ་ཁྲིམས་གཞི་ནས་མི་སེམས་ལ་ཟུག་པ་དང་མི་དམངས་མང་ཚོགས་ཁྲོད་ལག་ལེན་བསྟར་བ། རྩ་ཁྲིམས་ལག་ལེན་བསྟར་ན་གཞི་ནས་མི་དམངས་ཡོངས་ཀྱི་རང་འགུལ་གྱི་བྱ་སྤྱོད་ཅིག་ཏུ་གྱུར་བ་ཞེས་གསུང་པ་རེད། ཀྲུང་དབྱང་གི་བཀོད་སྒྲིག་ལ་གཞིགས་ནས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་བཙུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་མཐོང་ཆེན་བྱས་པ་དང་བསྒྱུར་བཅོས་དང་འབྲེལ་བ་ཡོད་པའི་ཁྲིམས་བཙུགས་དང་བསྒྱུར་བཅོས། མེད་པ་བཟོ་བ་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ཐོག ཁྲིམས་འཛུགས་ཀྱིས་བསྒྱུར་བཅོས་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་ཐུབ་ཀྱི་ཡོད། ད་ལོ་ནས་བཟུང་ཧྲང་ཧའེ་དང་ཀོང་ཏུང་། ཅི་ལིན། ཧུའུ་པེ། ཧའེ་ནན། མཚོ་སྔོན་བཅས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་ཁྲིམས་འཛིན་སྒྲིག་སྒྲོལ་བསྒྱུར་བཅོས་ཚོད་ལྟ་སྔོན་ལ་ལག་ལེན་བསྟར་རྒྱུ་དང་རིམ་བཞིན་སྤེལ་རྒྱུ་ཡིན་པ་རེད།

 ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ནི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་ལ་སྤྲད་པའི་བལྟོས་བཅས་ཀྱི་འགན་འཁྲིའི་དབང་ཆ་ཡིན་ལ་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱིས་གྱོད་དོན་བསྒྲུབ་པའི་འགན་འཁྲི་ཡང་དོན་འཁྱོལ་བྱེད་པ་ཞིག་ཡིན་པས་ལྟ་སྐུལ་བཅུན་སྡོམ་ཇེ་ལེགས་ཐུབ་ངེས་ཡིན། འདྲི་གཅོད་འགན་འཁྲི་གཙོ་བོ་འཁུར་བའི་ཁྲིམས་དཔོན་གྱི་འགན་འཁྲིའི་ལམ་ལུགས་དང་། མཉམ་གྲོས་ཁྲིམས་རའི་འགན་འཁྲིའི་ལམ་ལུགས། ཞིབ་དཔྱོད་དཔོན་གྱི་འགན་འཁྲིའི་ལམ་ལུགས་བཅས་ཁྱབ་སྤེལ་གཏོང་རྒྱུ་དང་བང་རིམ་ནས་བང་རིམ་གྱི་ཞིབ་མཆན་འགོད་པའི་སྲིད་འཛིན་ཅན་གྱི་བྱེད་ཐབས་མེད་པར་བཟོ་དགོས་པ་དང་། འདྲི་གཅོད་བྱེད་མཁན་གྱི་ཁྲིམས་ཐག་གཅོད་དགོས་པ་དང་ཁྲིམས་ཐག་གཅོད་མཁན་གྱི་འགན་འཁུར་དགོས། ཁྲིམས་འཛིན་ཡོངས་བསྒྲགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས། ཁྲིམས་ཐག་ཆོད་ཡིག་དྲ་ཐོག་ཏུ་ནུས་ལྡན་སྒོ་ནས་ཡོངས་བསྒྲགས་བྱེད་དགོས། ཁྲིམས་འཛིན་མི་སྣས་རིགས་དབྱེའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་འཛིན་ལས་སྒོའི་ཁྱད་ཆོས་ལ་གཞིགས་ཏེ་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན། ཁྲིམས་འཛིན་རོགས་རམ་པ། ཁྲིམས་འཛིན་སྲིད་འཛིན་མི་སྣ་བཅས་རང་སོ་སོའི་གོ་གནས་ཐོག་ཏུ་ལོག་རྒྱུ་དང་རང་སོ་སོའི་འགན་འཁྲི་འཁུར་བ། རང་སོ་སོས་འཁུར་དགོས་པའི་འགན་འཁུར་དགོས།

 ཁྲིམས་སྐྱོང་དང་སྤྱོད་བཟང་གིས་སྐྱོང་བ་མཉམ་བསྲེས་བྱས་ནས་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་དང་ཀྲུང་གོ་ཉིད་ལམ་བུའི་དེའི་ཐོག་ཏུ་བསྐྱོད་བཞིན་ཡོད། ཟོལ་མེད་ཡིད་རྟོན་ལམ་ལུགས་ཅན་དུ་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་གསར་དུ་བཏོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་དང་གསོ་སྐྱོང་གང་ལེགས་བྱས་ཏེ། ཟོལ་མེད་ཡིད་རྟོན་དེ་ཚད་ལྡན་ཅན་དང་ཡུན་རིང་གོ་ཆོད་ཅན་ལ་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གང་ལེགས་གཏོང་དགོས། ར་བཟི་ནས་རླངས་འཁོར་གཏོང་བའི་ཉེས་ཆད་མུ་མཐུད་དུ་ནན་དུ་བཏང་ནས། རླངས་འཁོར་བཏང་ན་ཆང་རག་མི་འཐུང་བ་དང་ཆང་རག་བཏུང་ཚེ་རླངས་འཁོར་མི་གཏོང་བ་དེ་ཁ་ལག་བཟའ་དུས་ཀྱི་ཁ་ཆད་དང་མི་རྣམས་ཀྱིས་གོང་དུ་བཀུར་བའི་སྤྱོད་བཟང་དུ་འགྱུར་བ་བྱེད་དགོས། ལོ་ངོ་གསུམ་ལྷག་ཙམ་རིང་རྒྱལ་ཡོངས་སུ་ཆང་རག་བཏུང་ནས་ཆགས་སྒོ་ཐོན་ཚད་བཞི་ཆ་གཅིག་ཉུང་དུ་ཕྱིན་ཡོད། ཁྲིམས་ལྟར་དྲ་བ་བཅོས་སྐྱོང་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་དང་ཁྲིམས་འཛིན་དང་འབྲེལ་ཡོད་གསལ་འགྲེལ་གཅིག་རྗེས་གཉིས་མཐུད་དུ་ལག་ལེན་བསྟར་བཞིན་པ། དྲ་སྦྲེལ་བྱ་སྤྱོད་ཚད་ལྡན་དང་དྲ་སྦྲེལ་གོམས་སྲོལ་གཙང་སེལ་བྱེད་པ། དྲ་ཐོག་ལ་ཁྲིམས་ཀྱི་ཐེ་ཇུས་བྱེད་མཁན་མེད་པ་མ་ཡིན་པ་དེ་རྒྱ་ཆེའི་དྲ་གྲོགས་རྣམས་ཀྱི་ཐུན་མོང་གི་ངོས་འཛིན་དུ་འགྱུར་བཞིན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག