མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནང་སོག་ནས་ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་འགན་བཅོལ་གྱི་ཚོད་ལྟ་བྱེད་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-24 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ནང་སོག་རང་སྐྱོང་ལྗོངས་སྲིད་གཞུང་ནས་ཁྱབ་བསྒྲགས་བྱེད་པར་གཞིགས་ན། 2014ལོའི་ལོ་མཇུག་གི་སྔོན་ལ། ནང་སོག་འགན་བཅོལ་ལས་རིགས་ཁག་གིས་ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་འགན་བཅོལ་འགན་ལེན་བྱེད་པའི་ཚོད་ལྟ་བྱེད་རྒྱུ་རེད།

ཟས་རིགས་བདེ་འཇགས་ཚོད་འཛིན་སྒྲིག་གཞི་འཐུས་ཚང་དུ་གཏོང་ཆེད། ནང་སོག་རང་སྐྱོང་ལྗོངས་ཀྱི་འགན་བཅོལ་ལྟ་སྐུལ་ཅུས་ནི་ཟས་རིགས་སྨན་རིགས་གྱི་ལྟ་སྐུལ་དོ་དམ་ཅུས་བཅས་པའི་སྡེ་ཁག་དང་མཉམ་དུ། ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་འགན་བཅོལ་གྱི་ཚོད་ལྟའི་ལས་ཀར་ཧུར་ཐག་བྱེད་པ་མ་ཟད། འགན་བཅོལ་ཀྱི་རྣམ་པ་འཚོལ་ཞིབ་དང་། ཉམས་མྱོང་བསྡུ་གསོག་བྱས་ནས། རིམ་བཞིན་ཁྱབ་གདལ་གཏོང་རྒྱུ་རེད། རང་སྐྱོང་ལྗོངས་ཀྱི་ཟས་རིགས་སྨན་རིགས་ལྟ་སྐུལ་དོ་དམ་ཅུས་ཀྱིས་བཏོན་པའི་ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་འགན་བཅོལ་བྱེད་པའི་ལམ་ལུགས་ལག་བསྟར་ཇུས་གཞིར་གཞིགས་ནས། ཉེ་ཆར་རང་སྐྱོང་ལྗོངས་ཀྱི་མོང་དང་གྲོང་ཁྱེར་རེ་རེ་ནས་ཟས་རིགས་ཁེ་ལས་བཅུ་ཡན་བདམས་ཐོག འགན་བཅོལ་ནང་ཞུགས་པའི་ཚོད་ལྟའི་ཁེ་ལས་ཁག་དང་པོའི་ངོས་ནས། 2014ལོའི་ལོ་འཇུག་སྔོན་འགན་བཅོལ་གྱི་ལས་དོན་གང་ཐུབ་ཀྱིས་བསྒྲུབས་ཚར་པར་བྱེད་རྒྱུ་རེད། གཞན་ཡང་ཚོད་ལྟ་བྱེད་པའི་རྨང་གཞི་ཐོག འབྲེལ་ཡོད་ལས་ཁུངས་ཀྱི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་བརྒྱུད། 2016ལོའི་ཟླ6པའི་ཟླ་འཇུག་སྔོན་རང་སྐྱོང་ལྗོངས་དེའི་ཁྱབ་ཁོངས་ཡོངས་སུ་ཁྱབ་སྤེལ་ཐུབ་པར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག