མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་ཧན་རྒྱལ་རབས་ཀྱི་རིག་དངོས་འགྲེམ་སྟོན་ཞེས་པ་དེ་ཧྥ་རན་སི་ནས་སྤེལ་མགོ་བརྩམས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་ཨོ་ལིང་ཏི་གཉིས་ཀྱིས་འགོ་བརྗོད་བྲིས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-23 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཧན་རྒྱལ་རབས་ཀྱི་རིག་དངོས་འགྲེམ་སྟོན་དེ་ཚེས་ཉེར་གཉིས་ཉིན་ཧྥ་རན་སིའི་རྒྱལ་འཛུགས་ཅི་མེས་ཨེ་ཤ་ཡའི་སྒྱུ་རྩལ་རྟེན་མཛོད་ཁང་ནས་སྤེལ་མགོ་བརྩམས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་རྣམ་གཉིས་ཀྱིས་སོ་སོར་འགྲེམ་སྟོན་ལ་འགོ་བརྗོད་བྲིས་པར་མ་ཟད། མཉམ་དུ་ལྟ་སྐྱོང་མཁན་གྱི་འགན་འཁུར།

ཞི་ཅིན་ཕེན་གྱིས་འགོ་བརྗོད་ནང་ད་ལོ་ནི་ཀྲུང་གོ་དང་ཧྥ་རན་སི་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པའི་ལོ་ཡིན་ལ། ང་དང་ཙུང་ཐུང་ཨོ་ལིང་ཏི་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་རྟེན་འབྲེལ་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་དམ་དུ་གཏོང་རྒྱུའི་ཐག་བཅད། ཀྲུང་གོའི་ཧན་རྒྱལ་རབས་ཀྱི་རིག་དངོས་འགྲེམ་སྟོན་ཞེས་པ་དེ་ཧྥ་རན་སིའི་རྒྱལ་འཛུགས་ཅི་མེས་ཨེ་ཤ་ཡའི་སྒྱུ་རྩལ་རྟེན་མཛོད་ཁང་ནས་སྤེལ་བ་ནི་རྟེན་འབྲེལ་བྱ་འགུལ་གལ་ཆེན་ནང་གི་གཅིག་ཡིན་ཞེས་གསུངས།

ཞི་ཅིན་ཕེན་གྱིས་གསུང་རྒྱུར། ཀྲུང་གོ་དང་ཧྥ་རན་སི་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་རྣམས་ཀྱིས་མཉམ་དུ་ལོ་ངོ་ལྔ་བཅུའི་ལོ་རྒྱུས་ཀྱི་འཕེལ་རིམ་བརྒྱུད་མྱོང་། ད་ལོའི་ཟླ་གསུམ་པར། ངས་ཧྥ་རན་སིར་འཚམས་འདྲི་བྱེད་སྐབས་ཙུང་ཐུང་ཨོ་ལིང་ཏི་དང་མཉམ་དུ་ཕྱོགས་གཉིས་ཀྱིས་སྔར་ལས་བཟང་བའི་ཀྲུང་གོ་དང་ཧྥ་རན་སིའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་དུས་རབས་གསར་བ་གསར་གཏོད་བྱེད་རྒྱུའི་ཐག་བཅད་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཧྥ་རན་སི་གཉིས་ནི་ཤར་ནུབ་ཕྱོགས་ཀྱི་དཔལ་ཡོན་གྱི་མཚོན་བྱེད་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱིས་དཔལ་ཡོན་བརྗེ་རེས་བྱེད་པ་དང་དཔྱད་གཞིར་འཛིན་པར་ཤུགས་སྣོན་རྒྱུ་དེ་ཀྲུང་གོ་དང་ཧྥ་རན་སིའི་བར་གྱི་འབྲེལ་བ་ཇེ་དམ་དུ་གཏོང་བའི་རྨང་གཞིར་ཕན་པ་ཡོད་ལ། ཀྲུང་ཧྭ་རིག་གནས་དང་ཧྥ་རན་སིའི་རིག་གནས་ཕན་ཚུན་འབྲེལ་འདྲིས་བྱེད་པར་སྐུལ་འདེད་གཏོང་བར་ཕན་པ་དང་། འཛམ་གླིང་གི་དཔལ་ཡོན་སྣ་མང་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བར་ཡང་ཕན་པ་ཡོད་ཟེར།

ཙུང་ཐུང་ཨོ་ལིང་ཏི་ཡིས་འགོ་བརྗོད་ནང་ཀྲུང་གོ་ནི་རླབས་ཆེན་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྐབས་འདིར་ཧྥ་རན་སི་ནས་ཀྲུང་གོའི་ཧན་རྒྱལ་རབས་ཀྱི་རིག་དངོས་འགྲེམ་སྟོན་སྤེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་རིམ་པའི་ཐུན་མོང་གི་རེ་འདུན་ཡིན་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག