མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པེ་ཅིང་དང་ནང་སོག་གི་རེས་འཁོར་གསར་པའི་དབུལ་སྐྱོར་རོགས་ལས་ཀྱི་ལག་བསྟར་རྣམ་གྲངས་ཉིས་བརྒྱ་ཟིན་ཡོད་པ་དང་། གསོ་སྦྱོང་ལས་བྱེད་པ་མི་ཆིག་ཁྲི་ཡན་ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-23 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2010ལོར། པེ་ཅིང་གྲོང་ཁྱེར་དང་ནང་སོག་རང་སྐྱོང་ལྗོངས་ཀྱི་ས་ཁོངས་མཉམ་ལས་སྒྲོམ་གཞིའི་གྲོས་གཞི་ཞེས་པར་མིང་རྟགས་བཀོད་པ་དང་བསྟུན་ནས། རེས་འཁོར་གསར་པའི་པེ་ཅིང་དང་ནང་སོག་དབུལ་སྐྱོར་རོགས་ལས་དེ་ཁ་གཏད་རོགས་སྐྱོར་བྱ་རྒྱུས་རྨང་གཞི་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་མཉམ་ལས་བྱེད་པའི་དུས་མཚམས་གསར་པར་སླེབས་ཡོད་པ་རེད།

ས་ཁོངས་མཉམ་ལས་བྱ་རྒྱུ་དེ་ནང་སོག་ལྗོངས་ཡོངས་ཀྱི་མོང་དང་གྲོང་ཁྱེར་ཁག་ལ་ཕྱོགས་ཡོད་པ་དང་། ཁ་གཏད་རོགས་སྐྱོར་བྱ་རྒྱུའི་གཙོ་གནད་དེ་ཁྲི་ཧྥེང་དང་ཨུ་ལན་ཁྲ་པུ་གྲོང་ཁྱེར་གཉིས་ཡིན་པ་རེད། ནང་སོག་ཏང་ཨུད་སྒྲིག་འཛུགས་པུའི་པུའུ་ཀྲང་གཞོན་པ་ལྡུང་ཧྲུའུ་ཅུན་གྱིས། ཐེངས་འདིའི་རོགས་སྐྱོར་མཉམ་ལས་བྱ་རྒྱུའི་དམིགས་སའི་རང་བཞིན་དང་ནུས་འབྲས་དངོས་ཀྱི་རང་བཞིན་དེ་བས་མངོན་གསལ་དོད་པ་ཡོད། ཨུ་ལན་ཁྲ་པུ་གྲོང་ཁྱེར་དང་ཁྲི་ཧྥེང་གྲོང་ཁྱེར་གཉིས་ནི་ནང་སོག་གི་དབུལ་སྐྱོར་གསར་སྤེལ་བྱེད་སའི་གཙོ་གནད་ས་ཁུལ་ཡིན་པ་དང་། གྲོང་ཁྱེར་དེ་གཉིས་ཀྱི་དབུལ་ཕོངས་མི་འབོར་གྱིས་ནང་སོག་ལྗོངས་ཡོངས་ཀྱི་དབུལ་ཕོངས་སྤྱིའི་མི་འབོར་གྱི་བརྒྱ་ཆ47དང་གྲངས་ཆུང7ཟིན་ཡོད་པས། གྲོང་ཁྱེར་དེ་གཉིས་ཀྱི་དབུལ་ཕོངས་གནད་དོན་ཐག་གཅོད་ཐུབ་ན་ནང་སོག་གི་དབུལ་ཕོངས་གནད་དོན་ཕྱེད་ཀ་ཐག་གཅོད་ཐུབ་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག