མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནོར་སྲིད་དཔོན་པོའི་གྲོས་ཚོགས་སྐབས་ཉེར་གཅིག་པར་ཞུགས་པར་ཡོང་བའི་དཔལ་འབྱོར་ཚོགས་ཁག་སོ་སོའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-22 11:11

ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པེ་ཅིན་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནོར་སྲིད་དཔོན་པོའི་གྲོས་ཚོགས་སྐབས་ཉེར་གཅིག་པར་ཞུགས་པར་ཡོང་བའི་དཔལ་འབྱོར་ཚོགས་ཁག་སོ་སོའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ལ་མཉམ་དུ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པེ་ཅིན་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནོར་སྲིད་དཔོན་པོའི་གྲོས་ཚོགས་སྐབས་ཉེར་གཅིག་པར་ཞུགས་པར་ཡོང་བའི་དཔལ་འབྱོར་ཚོགས་ཁག་སོ་སོའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ལ་མཉམ་དུ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་མཉམ་ལས་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་དང་མཉམ་དུ་འཛམ་གླིང་དང་ས་ཁུལ་རང་གི་དཔལ་འབྱོར་དར་རྒྱས་དང་རྒྱུན་མཐུད། དོ་མཉམ་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནོར་སྲིད་དཔོན་པོའི་གྲོས་ཚོགས་ཀྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་གྱི་མ་འོང་བའི་འཕེལ་རྒྱས་བགྲོད་ལམ་ཧུར་ཐག་སྒོས་འཚོལ་ཞིབ་བྱེད་པ་དང་། ས་ཁུལ་གྱི་དཔལ་འབྱོར་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་བར་གྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་ནང་དོན་དང་སྟོབས་ཤུགས་གསར་བ་སྣོན་དགོས་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཨོ་སི་ཁྲུ་ལི་ཡའི་ནོར་སྲིད་དཔོན་པོ་ཧི་ཅི་ཡིས་གྲོས་ཚོགས་སུ་ཞུགས་པའི་དཔལ་འབྱོར་ཚོགས་ཁག་དང་རྒྱལ་སྤྱིའི་རྩ་འཛུགས་ཉེར་ལྔའི་ཚབ་བྱས་ཏེ་གཏམ་བཤད། ཁོས་བཤད་རྒྱུར། ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད། ཀྲུང་གོའི་དཔལ་འབྱོར་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་བདེ་སྐྱིད་ཡིན་ལ། འཛམ་གླིང་ལའང་དོན་སྙིང་གལ་ཆེན་ལྡན། དཔལ་འབྱོར་ཚོགས་ཁག་སོ་སོས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་གྲོས་ཚོགས་ལ་ལེགས་འགྲུབ་འབྱུང་བར་འབད་བརྩོན་བྱེད་འདོད་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག