མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཉམ་བསྲེས་དབང་བའི་ལམ་ལུགས་དང་རྒྱལ་དབང་རྒྱུ་ནོར་དངུལ་གཏོང་ཀུང་ཟི་འཛུགས་པ་སོགས་ཀྱི་ཆ་ཚང་བཅོས་སྒྱུར་གྲོས་གཞི་ལ་གྲོས་བསྡུར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-22 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན། གསར་འགོད་པས་རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཤེས་པའི་གནས་ཚུལ་ལྟར་ན། རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཉེ་བའི་དུས་སྐབས་ཤིག་ཏུ་བསྟུད་མར་ཐེངས་གསུམ་ལ་ཕྱོགས་ཡོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། མཉམ་བསྲེས་དབང་བའི་ལམ་ལུགས་དང་རྒྱལ་དབང་རྒྱུ་ནོར་དངུལ་གཏོང་ཀུང་ཟི་འཛུགས་པ་སོགས་ཀྱི་ཆ་ཚང་བཅོས་སྒྱུར་གྲོས་གཞི་ལ་གྲོས་བསྡུར་བྱས། དེ་དང་མཉམ་དུ་ཀྲུང་དབྱང་ཕྱོགས་ཡོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་བཅོས་སྒྱུར་སྒྲིག་སྲོལ་དང་སྐྱེ་ཁམས་དཔལ་ཡོན་བཅོས་སྒྱུར་ཆེད་དོན་ཚན་ཆུང་གིས་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཞིབ་འཇུག་ཚན་ཆུང་བརྒྱད་ཞིང་ཆེན་དང་གྲོང་ཁྱེར་ལྔ་ལ་མངགས་ཏེ་རྒྱལ་དབང་རྒྱུ་ནོར་དོ་དམ་བཅོས་སྒྱུར་ཐད་ལ་རྟོག་ཞིབ་བྱེད་བྱས།རྒྱལ་དབང་ཁེ་ལས་བཅོས་སྒྱུར་རྟོག་ཞིབ་ཚན་ཆུང་བརྒྱད་ཞིང་ཆེན་དང་གྲོང་ཁྱེར་ལྔ་ལ་སོང་ནས་རྟོག་ཞིབ་བྱས་པ་དང་མཉམ་དུ་ཚེས་བཅུ་བདུན་ཉིན་རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཡོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བཞི་བ་བསྡུས་ནས། འབྲེལ་ཡོད་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཚོད་ལྟའི་བྱ་བའི་གྲོས་གཞི་ལ་གྲོས་ཞིབ་བྱས།

ཧྲང་ཧེ་དང་པེ་ཅིན། ཐེན་ཅིན། ཁྲུང་ཆིན། ཀན་སུའུ། ཧྲན་ཏུང་། ཅང་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་ཉི་ཤུ་ལྷག་གིས་ས་གནས་ཀྱི་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཕྱོགས་ཀྱི་བསམ་འཆར་གཏན་ལ་ཕབ་པ་ལས་གཞན་ཉེ་ལམ་ཧྲན་ཞི་སོགས་ས་གནས་ཀྱིས་ཀྱང་འཕྲོ་རིམ་འཕྲོར་རྒྱལ་དབང་ཁེ་ལས་བཅོས་སྒྱུར་བསམ་འཆར་ཁྱབ་བསྒྲགས་བྱས།

མིག་སྔའི་བར་དུ་རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་ཁེ་ལས་སུ་བཅོས་སྒྱུར་བཞིའི་ཚོད་ལྟའི་བྱ་བ་བསྒྲུབས་པ་དང་། རྒྱལ་ཁབ་གསར་སྤེལ་དངུལ་གཏོང་ཀུང་ཟི་དང་ཀྲུང་གོ་འབྲུ་སྣུམ་སྡེ་ཚོགས་ཚད་ཡོད་ཀུང་ཟི་དེ་རྒྱལ་དབང་རྒྱུ་ནོར་དངུལ་གཏོང་ཀུང་ཟིའི་ཚོད་ལྟ་བྱེད་རྒྱུ་བཀོད་སྒྲིག་བྱས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག