མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2014ལོའི་ཨེ་ཙི་ནད་ཀྱི་རིགས་གཞུང་བརྗེ་རེས་ཚོགས་ཆེན་པེ་ཅིན་ནས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-22 10:34

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ལྕམ་མོ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་འདུས་འདྲིལ་གཅོང་ནད་དང་ཨེ་ཙི་ནད་འགོག་བཅོས་བྱ་བའི་གཅེས་སེམས་ཕོ་ཉ་ཕུན་ལི་ཡོན་ཚོགས་ཆེན་གྱི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད། ཨེ་ཙི་ནད་འགོག་བཅོས་བྱ་བའི་ཐད་ལ་བྱས་རྗེས་ཁྱད་དུ་འཕགས་པ་བཞག་པའི་ཕྱི་རྒྱལ་གྱི་ཚན་རིག་པར་རྗེས་དྲན་བྱ་དགའ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་མཚན་མའི་ནད་དང་ཨེ་ཙི་ནད་འགོག་བཅོས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི 2014 ལོའི་ཨེ་ཙི་ནད་ཀྱི་རིགས་གཞུང་བརྗེ་རེས་ཚོགས་ཆེན་ཚེས་ཉི་ཤུ་ཉིན་པེ་ཅིན་ནས་ཚོགས་མགོ་བརྩམས། རྒྱལ་ཁབ་ཕྱི་ནང་གི་འཐུས་མི་སྟོང་གཅིག་ལྷག་ཚོགས་ཆེན་ལ་ཞུགས། ཁོ་ཚོས་ཨེ་ཙི་ནད་འགོག་བཅོས་བྱེད་པའི་ཐད་ལ་དུས་ཡུན་ཉིན་གཉིས་རིང་ལ་རིགས་གཞུང་བརྗེ་རེས་དང་གྲོས་བསྡུར་བྱེད་རྒྱུ་རེད། ཐེངས་འདིའི་ཚོགས་ཆེན་ནི་ཀྲུང་གོ་དང་ཧྥ་རན་སི་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པའི་བརྗེ་རེས་བྱ་འགུལ་ཁྲོད་ཀྱི་ནང་དོན་ཞིག་རེད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ལྕམ་མོ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་འདུས་འདྲིལ་གཅོང་ནད་དང་ཨེ་ཙི་ནད་འགོག་བཅོས་བྱ་བའི་གཅེས་སེམས་ཕོ་ཉ་ཕུན་ལི་ཡོན་ཚོགས་ཆེན་གྱི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད། ཨེ་ཙི་ནད་འགོག་བཅོས་བྱ་བའི་ཐད་ལ་བྱས་རྗེས་ཁྱད་དུ་འཕགས་པ་བཞག་པའི་ཕྱི་རྒྱལ་གྱི་ཚན་རིག་པར་རྗེས་དྲན་བྱ་དགའ་གནང་། ཚོགས་མགོ་རྩོམ་པའི་མཛད་སྒོ་མ་སྤེལ་གོང་། ཕུན་ལི་ཡོན་གྱིས་ཚོགས་ཆེན་ལ་ཞུགས་པའི་ཕྱི་རྒྱལ་གྱི་ཚན་རིག་པར་ཐུག་འཕྲད་བྱས། ཁོ་མོས་ཚན་རིག་པ་རྣམ་པ་པེ་ཅིན་དུ་ཡོང་སྟེ་ཀྲུང་གོའི་ཨེ་ཙི་ནད་འགོག་བཅོས་བྱ་བ་སྒྲུབ་མཁན་དང་མཉམ་དུ་ཞིབ་འཇུག་གི་གྲུབ་འབྲས་དང་ཉམས་མྱོང་ཉམས་སུ་མྱོང་བར་དགའ་བསུ་ཞུས་པ་ཡིན་ལ། ཐེངས་འདིར་རིགས་གཞུང་བརྗེ་རེས་བྱ་འགུལ་སྤེལ་ནས་ཀྲུང་གོ་དང་འཛམ་གླིང་གི་ཨེ་ཙི་ནད་འགོག་བཅོས་དང་ཞིབ་འཇུག་བྱ་བ་བཟང་བོར་བསྒྲུབ་པར་ཕན་ཐོགས་པར་ང་ལ་ཡིད་ཆེས་ཡོད། ངས་ཨེ་ཙི་ནད་སྔོན་འགོག་བྱ་བའི་དྲིལ་སྒྲོག་མཁན་དང་ཨེ་ཙི་ནད་འགོག་བཅོས་བྱ་བའི་གཅེས་སེམས་ཕོ་ཉའི་འགན་འཁྲི་མུ་མཐུད་དུ་ལག་བསྟར་བཟང་བོ་བྱས་ནས། ཀྲུང་གོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཨེ་ཙི་ནད་འགོག་བཅོས་བྱ་བའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་ཨེ་ཙི་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པར་སྟོབས་ཤུགས་འབུལ་འདོད་ཡོད་ཅེས་ནན་གྱིས་གསུངས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག