མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནང་སོག་གིས་སྤྱི་ལོ2017ལོར་སླེབས་སྐབས་གཞི་རྩའི་ཆ་ནས་ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་ནང་སོག་སྐྲུན་ཟིན་པ་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-21 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས། ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས། ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་ནང་སོག་གི་འཛུགས་སྐྱོང་ཇུས་གཞི་ཞེས་པ་བཏོན་སྟེ། སྤྱི་ལོ2017ལོར་སླེབས་སྐབས་ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་ནང་སོག་ཅིག་གཞི་རྩའི་ཆ་ནས་སྐྲུན་ཟིན་པའི་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད།

ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་ནང་སོག་ཅེས་པའི་ཇུས་གཞིའི་ནང་། སྤྱི་ལོ2014ལོ་ནས2017ལོ་བར་གྱི་ལོ་གསུམ་གཡས་གཡོན་ནང་། ནང་སོག་གིས་གོམ་སྟབས་སོ་སོར་དབྱེ་སྟེ་ལས་དོན་དེར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད་དེ། སྤྱི་ལོ2014ནས2015ལོའི་བར། དམིགས་འབེན་ལས་འགན་ཧྲིལ་པོའི་ཁྲོད་ཀྱི་བརྒྱ་ཆ་༣༠ལེགས་གྲུབ་ཟིན་པ་བྱེད་རྒྱུ་དང་། སྤྱི་ལོ2015ནས2016ལོ་བར། དམིགས་འབེན་ལས་འགན་ཧྲིལ་པོའི་ཁྲོད་ཀྱི་བརྒྱ་ཆ་༣༠ལེགས་གྲུབ་ཟིན་པ་བྱེད་རྒྱུ། སྤྱི་ལོ2016ནས2017ལོ་བར་དམིགས་འབེན་ལས་འགན་ཧྲིལ་པོའི་ཁྲོད་ཀྱི་བརྒྱ་ཆ40ལེགས་གྲུབ་ཟིན་པ་བྱེད་རྒྱུ་བཅས་བཏོན་ཡོད་པ་མ་ཟད། ད་དུང་དམིགས་འབེན་ལས་འགན་ལེགས་གྲུབ་ཟིན་པའི་མོང་དང་གྲོང་ཁྱེར་དང་། ཆིའི་དང་རྫོང་ལ་ནང་སོག་གིས་ཁ་གསབ་ཀྱི་ཚབ་ཏུ་བྱ་དགའ་སྤྲོད་པའི་རྣམ་པའི་ཐོག་ནས་བྱ་དགའ་སྤྲོད་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག