མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འབུལ་རྟེན་མ་སྤྲད་ཚེ་ལས་དོན་བསྒྲུབས་བདེ་པོ་མེད་པའི་སྣང་ཚུལ་ཐོག་ནས་དཔོན་རིགས་ཁྲོད་རུལ་སུངས་ནད་ཁྱབ་པ་མངོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-21 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས། ཨན་ཧུའེ་ཞིང་ལས་ཨུ་ཡོན་ལྷན་ཁང་ཞིང་ལས་ཐོན་ལས་ཅན་གྱི་མཛུབ་ཁྲིད་ཁྲུའི་དེ་སྔའི་འགོ་འཛིན་ཅིན་ཧྲུ་ཧྥང་གིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ཐོག་འདྲི་གཅོད་བྱེད་སྐབས། གཞུང་ཕྱོགས་ཞུ་སྦྱོར་བྱེད་མཁན་གྱིས། འདྲི་ཞིབ་བྱེད་ཡུལ་ཁེ་ལས78ནང་། ཅིན་ཁྲུའུ་ཀྲང་ལ་འབུལ་རྟེན་མ་སྤྲད་ཚེ་ལས་དོན་བསྒྲུབས་བདེ་པོ་མེད་ཅེས་ཤོད་མཁན་ཁེ་ལས་མང་པོ་འདུག་ཅེས་བཤད་ཡོད། དེར་བལྟས་ན་ཁེ་ལས་ལ་དོགས་ནད་ཆེ་བའི་ནད་ཕོག་པའི་ཚོར་སྣང་ཞིག་ཡོང་སྲིད་ཀྱང་། དོན་དངོས་ཐོག་དེ་ལས་མངོན་པའི་དཔོན་རིགས་ཀྱི་རུལ་སུངས་ནད་ནི་བསམ་གཞིགས་བྱེད་དགོས་ངེས་ཞིག་ཡིན།

གནས་ཚུལ་དེ་རིགས་ལ་དབྱེ་ཞིབ་བྱས་ཚེ། དེའི་རྩ་བ་ནི་ལམ་ལུགས་ཀྱི་གཞི་རྐྱེན་ཡ་མ་གཟུགས་ལ་འགྱུར་བ་དེ་ཡིན་པ་མཐོང་ཐུབ། སྲིད་འཛིན་ཞིབ་མཆན་ལམ་ལུགས་འཐུས་སྒོ་ཚང་པོ་མེད་པ་དང་། ཁྲིམས་ལྟར་སྲིད་འཛིན་བྱེད་པའི་གོ་རིམ་ལུགས་དང་མི་མཐུན་པ། དབང་ཆ་བཀོལ་སྤྱོད་ཕྱི་ནང་ཁ་གསལ་མེད་པ་བཅས་ཀྱིས་ཟ་རྔམ་ཆེ་བའི་ནད་དུག་རྒྱུད་སྤེལ་བྱེད་པར་གོ་སྐབས་སྐྲུན་པ་དང་། དཔོན་རིགས་ལ་དབང་ཆ་བེད་སྤྱོད་བྱེད་པ་དང་། ཁེ་ལས་ལ་མགོ་བདེ་བརླག་འཚོང་བྱེད་པའི་གོ་སྐབས་སྐྲུན་ཡོད། དེ་དང་ཆབས་ཅིག སྲིད་འཛིན་ཞིབ་མཆན་འགོད་པའི་ཆ་སྦྱོར་སྲིད་ཇུས་འཐུས་སྒོ་མི་ཚང་བ་དང་། ལྷག་པར་དུ་ལྟ་སྐུལ་ལྷུ་ཚིགས་ནང་ལྟ་སྐུལ་བྱེད་མཁན་སྡེབ་གཅིག་ཏུ་ལོང་བ་ལྟ་བུར་འགྱུར་བ་དེས། དབང་ཆ་ཚོད་འཛིན་ལས་གྲོལ་ཏེ་མངོན་སུམ་འཛེམས་མེད་ཀྱིས་རང་སྣང་གང་དྲན་བྱེད་རྒྱུ་བྱུང་ཡོད།

གཅོང་ནད་དེ་རིགས་རྩ་བ་ནས་བཅོས་པར། སྲིད་གཞུང་གི་འགན་ནུས་བརྗེ་བསྒྱུར་མགྱོགས་སུ་གཏོང་བ་དང་། སྲིད་འཛིན་ཞིབ་མཆན་ལམ་ལུགས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཆབས་ཅིག ད་དུང་ཆ་སྦྱོར་སྲིད་ཇུས་གཏན་འབེབས་དང་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་བྱེད་དགོས། དཔེར་ན། གོང་གསལ་བྱ་ཐབས་དང་དུས་མཉམ་དུ་འགན་འཁྲི་སྔོན་ལ་རྩད་གཅོད་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པ་དང་། ཐེངས་གཅིག་རང་བཞིན་གྱི་གསལ་བརྡ་གཏོང་བའི་ལམ་ལུགས་བཟོ་བ། དཔྱད་དཔོག་གདེང་འཇོག་ལམ་ལུགས་འཛུགས་པ་སོགས་ཀྱི་ཆ་སྦྱོར་ལམ་ལུགས་ལག་བསྟར་བྱས་ཚེ། གཞི་ནས་དབང་ཆ་ཚོད་འཛིན་ནུས་ལྡན་བྱེད་ཐུབ་པ་དང་། མགོ་བདེ་བརླག་འཚོང་གི་བྱ་སྤྱོད་བཀག་འགོག་ནུས་ལྡན་བྱེད་ཐུབ་ལ། གཞི་ནས་འབུལ་རྟེན་མ་སྤྲད་ཚེ། ལས་དོན་བསྒྲུབས་བདེ་པོ་མེད་པའི་མངོན་མེད་སྲོལ་ངན་དེ་ཡོ་བསྲང་བྱེད་ཐུབ།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག