མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་རྫོང་རིམ་པའི་ཁྲར་དོན་ལས་ཁུངས་ཀྱི་ཁྲལ་འཇལ་ཞབས་ཞུ་ཚད་ལྡན་ལག་བསྟར་བྱེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-21 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་རྒྱལ་ཁྲལ་དོན་སྡེ་ཁག་གིས་ཁྲལ་བསྡུའི་ཞབས་ཞུའི་བསྒྱུར་བཅོས་ཆེན་པོ་བྱེད་པ་དང་སྤྱི་ཟླ10བ་ནས་བཟུང་། ས་གནས་ཁག་གི་ཁྲལ་དོན་སྡེ་ཁག་གིས་རང་སོས་གཏན་འབེབས་བྱས་པའི་ཁྲལ་འཇལ་ཞབས་ཞུའི་རྣམ་གྲངས་འབོར་ཆེན་ཞིག གཅིག་གྱུར་གྱི་རྒྱལ་ཡོངས་རྫོང་རིམ་པའི་ཁྲལ་དོན་ལས་ཁུངས་ཀྱི་ཁྲལ་འཇལ་ཞབས་ཞུ་ཚད་ལྡན་གྱིས་ཚབ་བྱས་ཡོད་པ་རེད། ཁྲང་ཧྲ་གྲོང་ཁྱེར་གྱི་གསང་ལམ་གཅིག་ལ་ཉེ་དུས་ཁྲལ་དོན་གཉེར་ས་ཆུང་བ་ཞིག་བཙུགས་ཡོད་པས། ཉེ་འགྲམ་གྱི་ཚོང་པས་འཛིན་ཤོག་ཉོ་བ་དང་ཁྲལ་འཇལ་རེ་ཞུ་བྱེད་སྐབས་སྟབས་བདེ་པོ་བྱུང་ཡོད་པ་རེད། བཅའ་ཁྲལ་ཚབ་བསྡུ་བྱེད་པ་ནི་རྒྱལ་ཡོངས་ཀྱི་རྫོང་རིམ་པའི་ཁྲལ་དོན་ལས་ཁུངས་ཀྱི་ཁྲལ་འཇལ་ཞབས་ཞུ་ཚད་ལྡན་ཞེས་པའི་ནང་གཏན་ཁེལ་བྱས་ཏེ་སྐུལ་སྤེལ་བཏང་བའི་རྣམ་གྲངས་ཀྱི་གྲས་ཤིག་ཡིན། རྫོང་རིམ་པའི་ཁྲལ་དོན་ལས་ཁུངས་བཅའ་ཁྲལ་བསྡུ་བའི་ལས་ཀའི་འཐབ་ས་དང་པོར་གནས་ཡོད་པས། ཐད་ཀར་རྒྱལ་ཡོངས་སུ་ཁ་ཕྱོགས་ཏེ་ཁྲལ་འཇལ་དུད་ཁྱིམ་བྱེ་བ་གསུམ་དང་ས་ཡ་ལྔར་ཞབས་ཞུ་སྒྲུབ་ཀྱི་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག