མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཆོག་མཆན་བཀོད་པ་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས«ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་པུའུ་ལས་ཁུངས་ཀྱི་པུའུ་རིམ་པ་གཉིས་པའི་ཏང་རྩ་འཛུགས་བྱ་བའི་གཏན་འབེབས»དཔར་ནས་བཀྲམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-20 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཆོག་མཆན་བཀོད་པ་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ«ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་པུའུ་ལས་ཁུངས་ཀྱི་པུའུ་རིམ་པ་གཉིས་པའི་ཏང་རྩ་འཛུགས་བྱ་བའི་གཏན་འབེབས»དཔར་ནས་བཀྲམས། དེ་ནི་བརྒྱུད་རིམ་ལྡན་ཞིང་ཚད་ལྡན་ཡིན་པའི་སྤྱི་ཁྱབ་པུའུ་ལས་ཁུངས་ཀྱི་པུའུ་རིམ་པ་གཉིས་པའི་ཏང་རྩ་འཛུགས་ཀྱི་ཏང་ནང་གི་སྒྲིག་སྲོལ་ཡིན་པས། སྤྱི་ཁྱབ་པུའུ་ལས་ཁུངས་ཀྱིས་ཏང་ལ་དོ་དམ་དང་བཅོས་སྐྱོང་བྱེད་པར་སྲུང་བྱ་གལ་ཆེན་འདོན་སྤྲོད་བྱས།

«གཏན་འབེབས»ལས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་རྦད་ཆོད་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། གནས་བབ་གསར་བའི་འོག་གི་ཏང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་དམ་པོར་དམིགས་ནས། ཏང་གི་སྒྲིག་ཡིག་དང་ཆབ་སྲིད་བྱ་བའི་སྲོལ་ཡིག་གཞིར་བཟུང་སྟེ། སྤྱི་ཁྱབ་པུའུ་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱི་ཁྱད་ཆོས་རྐང་འཛུགས་སར་བརྩིས་ཏེ། ཐེ་ཚོམ་མེད་པར་ཏང་ལ་བློ་དཀར་བ་དང་། འཐབ་ཇུས་འགོད་མཁས་པ། འཐབ་འཛིང་བཀོད་འདོམས་བྱེད་མཁས་པ། འཐང་འཛིང་གི་སྙིང་སྟོབས་ལྡན་པ་བཅས་སྣེ་ཁྲིད་ལས་ཁུངས་འཛུགས་སྐྲུན་བྱེད་པར་དམིགས་ནས། པུའུ་རིམ་པ་གཉིས་པའི་ཏང་རྩ་འཛུགས་ཀྱི་བཀོད་སྒྲིག་དང་གྲུབ་ཆ། གཞི་རྩའི་འགན་འཁྲི་བཅས་གཏན་འཁེལ་གསལ་བོ་བྱས་པར་མ་ཟད། པུའུ་རིམ་པ་གཉིས་པའི་ཏང་རྩ་འཛུགས་ཀྱིས་སློབ་གསོ་དོ་དམ་དང་། ཏང་ནང་གི་ལྟ་སྐུལ། ཀུན་སྤྱོད་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་པ་དང་། ད་རུང་ཏང་ནང་གི་འཚོ་བའི་ལམ་ལུགས་ལག་བསྟར་བྱེད་པ་སོགས་ཐད་ལ་རེ་བ་བཏོན།

«གཏན་འབེབས»དཔར་ནས་བཀྲམས་པ་དང་ལག་བསྟར་བྱེད་རྒྱུ་དེས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་པུའུ་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་མགོ་ཁྲིད་བྱེད་པའི་གཞི་རྩའི་རྩ་དོན་དང་ལམ་ལུགས་སྤྱི་ཁྱབ་པུའུ་ལས་ཁུངས་ནས་ནུས་ཡོད་སྒོས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བར་འགན་སྲུང་གི་ནུས་པ་གལ་ཆེན་ཐོན་ཐུབ།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག