མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་སྙིང་སྟོབས་ཐོག་ནས་མི་རིགས་ཀྱི་བླ་སྲོག་གཏོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-20 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས19ཉིན་དཔེ་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་འགོ་བརྗོད་དུ། ཀྲུང་གོའི་སྙིང་སྟོབས་ཐོག་ནས་མི་རིགས་ཀྱི་བླ་སྲོག་གཏོད་པ་སྟེ། ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གྱི་སྐོར་གླེང་བ་ཞེས་པ་ཞིག་སྤེལ་ཡོད་པ་རེད། རྩོམ་ཡིག་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག རྒྱ་ཆེའི་རིག་རྩལ་ལས་དོན་པར་བཏོན་པའི་རེ་བ་དང་། རིག་རྩལ་བརྩམ་བྱས་ཀྲུང་གོའི་སྙིང་སྟོབས་ཐོག་ནས་མི་རིགས་ཀྱི་བླ་སྲོག་གཏོད་རྒྱུར་རེ་སྒུག་ཆེན་པོ་གནང་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་ཆེད་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅེས་འཁོད་ཡོད་པ་དང་། རྩོམ་ཡིག་ནང་། རྩོམ་ཡིག་གིས་བསམ་བློ་མཚོན་པ་དང་། རྩོམ་ཡིག་གིས་མིའི་ཀུན་སྤྱོད་ལེགས་སུ་གཏོང་བ་དེ་ནི་རིག་རྩལ་གྱི་ལས་འགན་ཡིན། རྒྱ་ཆེའི་རིག་རྩལ་ལས་དོན་པས་འགན་འཁྲིའི་འདུ་ཤེས་དྲག་པོ་ཡོད་པའི་ཐོག་ནས་ཕུལ་བྱུང་བརྩམ་བྱ་མང་པོ་གསར་གཏོད་བྱེད་དགོས་པ་དང་། བསེར་བུའི་ཁྲོད་ཀྱི་ཆར་སིམ་གྱིས་སྐྱེ་དངོས་མཐའ་དག་གསོ་བ་བཞིན་གྱི་སྟོབས་ཤུགས་ཐོག་ནས་ང་ཚོའི་མི་རིགས་ཀྱི་ཆེད་དུ་བླ་སྲོག་གཅིག་བསྡུས་དང་ང་ཚོའི་དུས་རབས་དེའི་ཆེད་དུ་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་ཞེས་འཁོད་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག