མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་གྱི་བྱ་དགའ་མཐོ་ཤོས་ཤིང་པད་མའི་བྱ་དགའ་སྤྲོད་པའི་མཛད་སྒོ་ནན་ཅིང་དུ་གཉེར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-20 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་གཉིས་ཀྱི་ཐོག་ཐེངས་རེ་ཡོད་པའི་ཀྲུང་གོའི་གཞས་མ་གཏམ་གྱི་ཆེས་མཐོའི་བྱ་དགའ་སྟེ་ཤིང་པད་མའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤྱི་ཚེས18ཉིན་ནན་ཅིང་དུ་གཉེར་ཡོད་པ་དང་། ཐང་ཆེན་ཐོག་གཉེར་བའི་བྱ་དགའ་སྤྲོད་པའི་བྱེད་སྒོས་སྒྱུ་རྩལ་མཁས་པ་རྣམས་སྡེ་ཁུལ་དུ་ཟབ་ཞུགས་བྱས་ནས་རྒྱ་ཆེའི་མང་ཚོགས་ཚོར་རྣམ་པ་ཕུན་སུམ་ཚོགས་པ་དང་རིག་གནས་ཆུ་ཚད་ཀྱི་ཚད་གཞི་མེད་པར་ཚང་མས་མྱོང་རོལ་ཐུབ་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་གནང་ཡོད་པ་རེད།

གྲོང་མི་ཚོས། རྣམ་ཀུན་བརྙན་འཕྲིན་ཐོག་ནས་མ་གཏོགས་མཐོང་གི་མེད། དེ་རིང་མི་དངོས་མཐོང་ཐུབ་ཙང་དངོས་གནས་ཧ་ཅང་དགའ་པོ་བྱུང་ལ་སེམས་འགུལ་ཀྱང་ཆེན་པོ་ཐེབས་བྱུང་ཞེས་བརྗོད་པ་དང་། ཡང་གྲོང་མི་ཁ་ཤས་ཀྱིས་ད་དུང་། གཞས་མ་གཏམ་སྒྱུ་རྩལ་དེ་མང་ཚོགས་ཁྲོད་ལ་བསྐྱོད་ན་གཞི་ནས་གསོན་ཤུགས་མངོན་ཐུབ་ཅེས་བརྗོད་ཀྱི་ཡོད་པ་རེད།

སྐབས་འདིའི་ཤིང་པད་མའི་བྱ་དགར་ཁྱོན་རྣམ་གྲངས་ཆེ་བ་ཁག་བདུན་གྱི་བྱ་དགའ་ཁག51ཐོན་ཡོད་པ་རེད།

ཀྲུང་གོའི་གཞས་མ་གཏམ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཅང་ཁུན་གྱིས། ང་ཚོ་གཞས་མ་གཏམ་སྒྱུ་རྩལ་བ་ཚང་མ་སྤྲོ་སེམས་རབ་ཏུ་ཕྱུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་གནང་ནས་གལ་ཆེའི་གསུང་བཤད་གནང་བ་དང་། རིག་གནས་སྒྱུ་རྩལ་གྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ཕུགས་འདུན་བརྩོན་ལེན་བྱེད་པའི་དུས་རབས་འདི་འདྲ་ཞིག་ལ་ཕུལ་བྱུང་བརྩམ་བྱར་བརྟེན་ནས་མེས་རྒྱལ་དང་མི་དམངས་ཀྱི་དྲིན་ལན་འཇལ་དགོས་ཞེས་བསྟན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག