མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་པུའི་ལས་ཁུངས་པུའུ་རིམ་པ་གཉིས་པའི་ཏང་རྩ་འཛུགས་ཀྱི་ལས་དོན་གཏན་འབེབས་ཀྱི་ཚོད་ལྟ་ཞེས་པ་འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-20 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་གནང་བ་རྒྱུད། ཀྲུང་དབྱང་དམག་ཨུད་ཀྱིས་ཉེ་ཆར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་པུའི་ལས་ཁུངས་པུའུ་རིམ་པ་གཉིས་པའི་ཏང་རྩ་འཛུགས་ཀྱི་ལས་དོན་གཏན་འབེབས་ཀྱི་ཚོད་ལྟ་ཞེས་པ་འགྲེམ་སྤེལ་བྱས་ཡོད་པ་རེད། དེ་ནི་གོ་རིམ་ལྡན་པའི་སྒོ་ནས་སྤྱི་ཁྱབ་པུའི་ལས་ཁུངས་ཀྱི་པུའུ་རིམ་པ་གཉིས་པའི་ཏང་རྩ་འཛུགས་ཚད་ལྡན་བཟོ་བའི་ཏང་ནང་ཁོངས་ཀྱི་ཁྲིམས་སྲོལ་ཐོག་མ་དེ་ཡིན་པ་དང་། སྤྱི་ཁྱབ་པུའི་ལས་ཁུངས་ཀྱི་ཏང་དོ་དམ་དང་ཏང་བཅོས་སྐྱོང་ཆེད་ཚད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད།

གཏན་འབེབས་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་མཐའ་འཁྱོངས་བྱེད་པ་དང་། དུས་བབ་གསར་པའི་འོག་ཏང་གི་དམག་དཔུང་སྟོབས་ཆེན་མངོན་འགྱུར་བྱེད་པའི་དམིགས་འབེན་ལ་དམ་པོར་གཞིགས་ནས། ཏང་སྲོལ་དང་ཆབ་སྲིད་ལས་དོན་གྱི་དོན་ཚན་གྱིས་གཞི་འཛིན་ས་བྱས་པ་དང་། སྤྱི་ཁྱབ་པུའི་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱི་ཁྱད་ཆོས་ནས་འགོ་འཛུགས་པ། ཏང་ལ་ལྷག་བསམ་རྣམ་དག་དང་འཐབ་ཇུས་བཀོད་སྒྲིག་བྱེད་མཁས་པ། དམག་རྒྱག་བཀོད་འདོམས་ཁོང་དུ་ཆུད་པ། དམག་འཐབ་སྙིང་སྟོབས་ལྡན་པ་བཅས་ཀྱི་སྣེ་ཁྲིད་ལས་ཁུངས་འཛུགས་སྐྱོང་བྱ་རྒྱུ་དམ་འཛིན་བྱེད་དགོས་ཞེས་བཏོན་ཡོད་པ་རེད།

གཏན་འབེབས་འགྲེམ་སྤེལ་ལག་བསྟར་བྱས་པ་དེས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཏོན་པའི་ཏང་གིས་ཏང་བཅོས་སྐྱོང་དང་། ཏང་བཅོས་སྐྱོང་ནན་པོ་བྱེད་དགོས་པའི་བླང་བྱ་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་པུའི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན། ཏང་གིས་དམག་དཔུང་ལ་འགོ་ཁྲིད་བལྟོས་མེད་བྱེད་པའི་གཞི་རྩའི་རྩ་དོན་དང་ལམ་ལུགས་དེ་སྤྱི་ཁྱབ་པུའི་ལས་ཁུངས་ནང་ལག་བསྟར་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་གལ་ཆེའི་འགན་སྲུང་ནུས་པ་ལྡན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག