མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གཞུང་ཁོངས་ས་ཆའི་ཐོན་ཁུངས་པུས་ངོ་བོ་འགྱུར་ནས་སྒྲིག་བཀོད་ཞིང་སྤྱོད་ས་ཆ་དེ་ཞིང་ལས་མིན་པའི་འཛུགས་སྐྲུན་ཐད་སྤྱད་མི་ཆོག་ཅེས་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-20 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གཞུང་ཁོངས་ས་ཆའི་ཐོན་ཁུངས་པུའུ་དང་ཞིང་ལས་པུས་ཉེ་ཆར་མཉམ་འབྲེལ་ཐོག སྒྲིག་བཀོད་ཞིང་ལས་སྐྱོན་བྲལ་གོང་འཕེལ་ལ་སྔར་བས་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་ཞེས་པ་འགྲེམ་སྤེལ་བྱས་ནས། ངོ་བོ་འགྱུར་ནས་བདག་དབང་ཆུང་བའི་ཁང་པ་དང་སྤྲོ་ཁང་འཛུགས་སྐྲུན་སོགས་སྒྲིག་བཀོད་ས་ཞིང་དེ་ཞིང་ལས་མིན་པའི་འཛུགས་སྐྲུན་ཐད་སྤྱོད་པའི་བྱེད་སྟངས་བཀག་འགོག་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

པུའུ་དང་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་འགྲེམ་སྤེལ་བྱས་པའི་བརྡ་ཐོའི་ནང་། གཞི་ཁྱོན་ལྡན་པའི་འབྲུ་རིགས་ཐོན་སྐྱེད་ལ་མཁོ་བའི་སྒྲིག་བཀོད་ཀྱི་ས་ཆ་དེ་སྒྲིག་བཀོད་ཞིང་སྤྱོད་ས་ཆའི་ཁྱབ་ཁོངས་ནང་ཐེངས་དང་པོ་བཅུག་ཡོད་པ་དང་། ཞིང་སྤྱོད་ས་ཆ་གཞན་སྤྱོད་ཀྱི་ཞིབ་མཆན་འགྲོ་ལུགས་གཉེར་དགོས་ཀྱི་མེད་ཅིང་། གཞི་ཁྱོན་ལྡན་པའི་འབྲུ་རིགས་ཐོན་སྐྱེད་ཀྱི་ཆ་སྦྱོར་སྒྲིག་བཀོད་ཀྱིས་གཞི་རྩའི་ས་ཞིང་བཟུང་ཆོག་པ་དང་། སྒྲིག་བཀོད་ཞིང་སྤྱོད་ས་ཆའི་ཞིབ་མཆན་མེད་པ་བཟོས་ནས་ཐོ་འགོད་ལམ་ལུགས་བཟོས་ཡོད་པ་རེད།

འབྲེལ་ཡོད་འགན་ཁུར་མི་སྣས། གཞི་ཁྱོན་ལྡན་པའི་འབྲུ་རིགས་ཐོན་སྐྱེད་ལ་ངེས་པར་དུ་མཁོ་བའི་ཆ་སྦྱོར་སྒྲིག་བཀོད་ཀྱང་གཞི་ཁྱོན་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་། ལྷོ་ཕྱོགས་ས་ཁུལ་དུ་མུའུ500ནང་ཚུན་དང་། བྱང་ཕྱོགས་ས་ཁུལ་དུ་མུའུ་ཆིག་སྟོང་ནང་ཚུན་གྱི་ཆ་སྦྱོར་སྒྲིག་བཀོད་ཀྱིས་བཟུང་བའི་ས་ཆའི་གཞི་ཁྱོན་དེ་མུའུ་གསུམ་ལས་བརྒལ་མི་ཆོག་པ་དང་། མུའུ500དང1000ལས་བརྒལ་བའི་གཞི་ཁྱོན་གྱི་ཆ་སྦྱོར་སྒྲིག་བཀོད་ཀྱིས་བཟུང་བའི་གཞི་ཁྱོན་མང་ཤོས་ལ་ཡང་མུའུ་བཅུ་ལས་བརྒལ་མི་ཆོག་ཅེས་བསྟན་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག