མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིང་ལས་པུའུ་ཡིས་སྤྱི་ལོ2014ལོའི་ཀྲུང་གོའི་མཛེས་ཤོས་དང་བག་ཕེབས་ཤོས་ཀྱི་ཤང་གྲོང་དང་ཀྲུང་གོའི་མཛེས་ཤོས་ཀྱི་ཞིང་ས་འོས་སྦྱོར་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-20 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་ཞིང་ལས་པུའུ་ཡིས་སྤྱི་ལོ2014ལོའི་ཀྲུང་གོའི་མཛེས་ཤོས་དང་བག་ཕེབས་ཤོས་ཀྱི་ཤང་གྲོང་དང་ཀྲུང་གོའི་མཛེས་ཤོས་ཀྱི་ཞིང་ས་འོས་སྦྱོར་བྱེད་སྒོ་སྤེལ་ཡོད་པ་རེད། ས་གནས་ཀྱིས་འོས་སྦྱོར་བྱས་པ་དང་རིགས་གཅིག་མཁས་པས་དཔྱད་འདེམས་བྱས་པ། དྲ་ཐོག་ནས་ཡོངས་བསྒྲགས་བྱས་པ་སོགས་གོ་རིམ་བརྒྱུད། གྲོང་ཚོ100སྤྱི་ལོ2014ལོའི་ཀྲུང་གོའི་མཛེས་ཤོས་དང་བག་ཕེབས་ཤོས་ཀྱི་ཤང་གྲོང་ལ་གཏན་འཁེལ་བྱས་པ་དང་། ཞིང་ཁུལ་གྱི་གནས་ལྗོངས140སྤྱི་ལོ2014ལོའི་ཀྲུང་གོའི་མཛེས་ཤོས་ཀྱི་ཞིང་ས་ཡིན་པར་གཏན་འཁེལ་བྱས་ཡོད་པ་རེད།

མིང་ཐོའི་ཐོག་ནས་མངོན་པར་གཞིགས་ན། ཀྲུང་གོའི་མཛེས་ཤོས་དང་བག་ཕེབས་ཤོས་ཀྱི་ཤང་གྲོང་ལ་ཁྱད་ཆོས་ལྡན་པའི་གྲོང་ཁྱིམ29དང་ཁྱད་ཆོས་ལྡན་པའི་དམངས་སྲོལ་གྲོང་ཚོ22དེང་རབས་ཀྱི་གྲོང་ཚོ་གསར་པ28ལོ་རྒྱུསཀྱི་གནའ་བོའི་གྲོང་ཚོ21སོགས་རིགས་ཆེན་པོ་བཞིར་དབྱེ་ཡོད་པ་རེད།

ཀྲུང་གོའི་མཛེས་སྡུག་ལྡན་པའི་ཞིང་ས་ཞེས་པ་དེ་པད་ཁའི་མེ་ཏོག་གི་མཛེས་ལྗོངས་དང་ཆུ་འབྲས་ས་ཞིང་གི་མཛེས་ལྗོངས། ཁམ་བུའི་མེ་ཏོག་གི་མཛེས་ལྗོངས། ཤིང་ཏོག་ལྡུམ་རའི་མཛེས་ལྗོངས་སོགས་རིགས13དབྱེ་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག