མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིང་ལས་པུའི་གཞི་རྒྱུ་འགྱུར་བའི་དོ་དམ་གྱི་འགན་འཁུར་བས་སྤྱི་དམངས་ཀྱིས་དོ་ཁུར་བྱེད་པའི་གཞི་རྒྱུ་འགྱུར་བའི་གནད་དོན་ཁག་ལ་ལན་བརྒྱབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-20 10:27

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ལས་པུའི་ཚན་རྩལ་སློབ་གསོ་སིའི་གཞི་རྒྱུ་འགྱུར་བའི་སྐྱེ་དངོས་བདེ་འཇགས་དོ་དམ་དང་ཤེས་བྱའི་ཐོན་དབང་ཁྲུའི་ཁྲུའུ་ཀྲང་ཁའུ་ཅན་ཕིང་གིས་སྤྱི་ཚེས18ཉིན་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་ནས། སྤྱི་དམངས་ཀྱིས་དོ་ཁུར་བྱེད་པའི་གཞི་རྒྱུ་འགྱུར་བའི་གནད་དོན་ཁག་ལ་འགྲེལ་བཤད་བརྒྱབ་ཡོད་པ་རེད།

གཞི་རྒྱུ་འགྱུར་བའི་ཟས་རིགས་ཀྱི་བདེ་འཇགས་རང་བཞིན་ཐད་ཡང་སྙིང་གཏན་ཁེལ་བའི་བཤད་ཚུལ་ཡོད་མེད་ཐད། ཁའུ་ཅན་ཕིང་གིས་བདེ་འཇགས་དཔྱད་དཔོག་བྱས་པ་བརྒྱུད་བདེ་འཇགས་ལག་ཁྱེར་རགས་པའི་གཞི་རྒྱུ་འགྱུར་བའི་ཟས་རིགས་ནི་བདེ་འཇགས་ཡིན་པས་བློ་བདེ་པོའི་ངང་བཟའ་ཆོག་ཅེས་གསུངས་ཡོད་པ་རེད།

ཁའུ་ཅན་ཕིང་གིས་ང་ཚོའི་རྒྱལ་ཁབ་ཀྱི་གཞི་རྒྱུ་འགྱུར་བའི་བདེ་འཇགས་དོ་དམ་ཐད། པུའུ་དང་ཨུ་ཡོན་ལྷན་ཁང་བཅུ་གཉིས་ཀྱིས་གྲུབ་པའི་མཉམ་བཞུགས་ལྷན་ཚོགས་ཚུད་པའི་གཞི་རྒྱུ་འགྱུར་བའི་བདེ་འཇགས་རང་བཞིན་ལ་ཚན་རིག་དང་མཐུན་པའི་ཚོད་ལྟ་བྱས་ཏེ་ར་སྤྲོད་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

དུས་མཚམས་གོང་མར་དྲ་བའི་ཐོག་གྲོས་བསྡུར་ཚ་ཚ་འུར་འུར་བྱས་པའི་རང་རྒྱལ་གྱི་གཞི་རྒྱུ་འགྱུར་བའི་ཐོན་ལས་ཅན་གྱི་སྐུལ་འདེད་ལས་དོན་ལ་ཁེ་ཕན་ཚོགས་པའི་ཚོད་འཛིན་ཐེབས་ཡོད་པའི་ཐད། ཁའུ་ཅན་ཕིང་གིས་རང་རེའི་རྒྱལ་ཁབ་ཀྱི་གཞི་རྒྱུ་འགྱུར་བའི་བདེ་འཇགས་དོ་དམ་ནི་ཚན་པ་མང་པོ་དང་ལས་ཁུངས་མང་པོ། རིགས་གཅིག་མཁས་པ་མང་པོས་ཐུན་མོང་ཐོག་དོ་དམ་བྱས་པ་ཞིག་ཡིན་པ་དང་། གཞི་རྒྱུ་འགྱུར་བ་ནི་ང་ཚོའི་དོན་དངོས་གནས་ཚུལ་ལ་གཞིགས་པ་ཡིན་པ་ལས་ཁེ་ཕན་ཚོགས་པ་ཁ་ཤས་ཀྱི་ཚོད་འཛིན་ཐེབས་མེད་ཅེས་གསུངས་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག