མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་ཨོ་ལང་ཏི་རྣམ་གཉིས་ཀྱིས་ཧྥ་རན་སིའི་འཁྲབ་སྟོན་འཕྲུལ་ཆས་འབྲུག་མགོ་མ་ཀྲུང་གོར་ཡོང་ནས་སྐོར་གཡེང་འཁྲབ་སྟོན་དང་པ་ལི་ནས་ཚོགས་མགོ་རྩོམ་པའི་ཀྲུང་གོའི་ཧན་རྒྱལ་རབས་ཀྱི་རིག་དངོས་འགྲེམ་སྟོན་ཐད་ནས་ཕན་ཚུན་ལ་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།

བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-19 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་རྣམ་གཉིས་ཀྱིས་ཧྥ་རན་སིའི་འཁྲབ་སྟོན་འཕྲུལ་ཆས་འབྲུག་མགོ་མ་ཀྲུང་གོར་ཡོང་ནས་སྐོར་གཡེང་འཁྲབ་སྟོན་དང་མི་འགྱང་བར་པ་ལི་ནས་ཚོགས་མགོ་རྩོམ་པའི་ཀྲུང་གོའི་ཧན་རྒྱལ་རབས་ཀྱི་རིག་དངོས་འགྲེམ་སྟོན་ཐད་ནས་ཕན་ཚུན་ལ་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕེན་གྱིས་འཕྲིན་ཡིག་ནང་གསུངས་རྒྱུར། ན་ནིང་གི་ལོ་མཇུག་ནས་བཟུང་རྒྱལ་ཁབ་གཉིས་ཀྱིས་མང་ཚོགས་ཀྱིས་དགའ་བསུ་ཐོབ་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་ཀྲུང་གོ་དང་ཧྥ་རན་སི་བར་གྱི་མཛའ་བཤེས་སྔར་ལས་ཇེ་ཟབ་ཏུ་བཏང་། ཧན་རྒྱལ་རབས་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་དུས་སྐབས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་དཔལ་ཡོན་མཚོན་པའི་རིག་དངོས་རྩ་ཆེན་བགྲང་དུ་མེད་པ་བཞག་ཡོད། ཀྲུང་གོའི་ཧན་རྒྱལ་རབས་ཀྱི་རིག་དངོས་འགྲེམ་སྟོན་གྱིས་ཧྥ་རན་སིའི་མི་དམངས་ཀྱིས་རྒྱུན་རིང་བའི་ཀྲུང་ཧྭའི་དཔལ་ཡོན་ལ་རྒྱུས་ལོན་ཟབ་མོ་བྱེད་པར་བྱས་རྗེས་ཆེན་པོ་འཇོག་པར་ཡིད་ཆེས་ཡོད་ཟེར།

ཨོ་ལང་ཏི་ཡིས་འཕྲིན་ཡིག་ནང་དུ་ཧྥ་རན་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པར་སྤེལ་བའི་བྱ་འགུལ་ལ་གདེང་འཇོག་ཆེན་པོ་གནང་། ཁོས་བཤད་རྒྱུར། འཁྲབ་སྟོན་འཕྲུལ་ཆས་འབྲུག་མགོ་མ་ནི་ཧྥ་རན་སི་དང་ཀྲུང་གོའི་ཚོགས་པས་མཉམ་དུ་བསྐྲུན་པའི་སྒྱུ་རྩལ་བརྩམས་ཆོས་ཡིན་པ་དང་། སྐོར་གཡེང་འཁྲབ་སྟོན་གྱིས་གསར་སྐྲུན་ལག་རྩལ་ལ་བརྟེན་ཞིང་ཀྲུང་གོའི་སྲོལ་རྒྱུན་གྱི་ལོ་རྒྱུས་རྒྱབ་ལྗོངས་གཞིར་བཟུང་བ་དང་རྒྱ་ཆེའི་མང་ཚོགས་ལ་ཁ་ཕྱོགས་པ་ཡིན་པས་ཀྲུང་གོའི་མང་ཚོགས་ཀྱིས་དགའ་བསུ་ཐོབ་པར་བྱེད་དགོས། ཀྲུང་གོའི་ཧན་རྒྱལ་རབས་ཀྱི་རིག་གནས་འགྲེམ་སྟོན་གྱིས་ཧྥ་རན་སི་དང་རྒྱལ་ཁབ་གཞན་དག་གི་མང་ཚོགས་ཀྱིས་ཀྲུང་གོའི་དཔལ་ཡོན་ལ་རྒྱུས་ལོན་ཟབ་མོ་བྱེད་པར་ཕན་པ་ཡོད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག