མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་བཅུ་བའི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུངས་བཤད་གནང་།

བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-19 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་བཅུ་བའི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུངས་བཤད་གནང་བ་དང་། རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་མཉམ་དུ་དགོངས་འཆར་བརྗེ་རེས་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། ཨེ་ཤ་ཡ་དང་ཡོ་རོབ་གླིང་སྐམ་ས་ཆེན་པོ་ཞི་བདེ་དང་བརྟན་འཇགས་ཡོང་བ་དེ་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་འབྲེལ་བ་ཡོད། ང་ཚོས་མཉམ་དུ་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་སྲུང་སྐྱོབ་བྱེད་དགོས་ལ། ཞི་བའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ་དང་ཕན་ཚུན་ལ་རོགས་སྐྱོར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་ཡོངས་ཀྱི་ཁྱིམ་གཞི་འཆམ་མཐུན་བདེ་འཇགས་ཡོང་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ལིས་ཁི་ཆང་གིས་ཀྲུང་གོས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་སྲིད་ཇུས་དང་བྱེད་ཐབས་མཚམས་སྦྱོར་མཛད། ཁོང་གིས་གསུངས་རྒྱུར། ཀྲུང་གོས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་ཐུན་མོང་དང་ཡང་ན་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་དང་འདྲ་མཉམ་གྱི་རྩ་དོན། རང་རང་གི་ནུས་པའི་རྩ་དོན་བཅས་རྒྱུན་འཁྱོངས་བྱས་ཏེ་སྔར་ལས་འདྲ་མཉམ་དང་ལུགས་མཐུན། ཕན་འབྲས་བཅས་ལྡན་པའི་འཛམ་གླིང་གི་ནམ་ཟླའི་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ལ་འབད་བརྩོན་བྱེད་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག