མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་འཇར་མན་དང་ཨུ་རུ་སི། དབྱི་ཐ་ལི་བཅས་ལ་དངོས་གཞིའི་འཚམས་འདྲི་མཛད་རྗེས་ཕྱིར་པེ་ཅིན་དུ་ཐོན།

ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-19 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འཇར་མན་དང་ཨུ་རུ་སི། དབྱི་ཐ་ལི་བཅས་རྒྱལ་ཁབ་གསུམ་ལ་དངོས་གཞིའི་འཚམས་འདྲི་མཛད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་ཞིང་ལས་རྩ་འཛུགས་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་མཛད་ལ། སྐོར་ཐེངས་གསུམ་པའི་ཀྲུང་གོ་དང་འཇར་མན་གྱི་སྲིད་གཞུང་གྲོས་མོལ་ལ་མགོ་འཛིན་མཛད་པ་དང་། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་ཙུང་ལིའི་བར་གྱི་དུས་བཅད་གྲོས་མོལ་ཐེངས་བཅུ་བདུན་པ་ཕུན་སུམ་ཚོགས་པའི་ངང་སྤེལ་བར་མ་ཟད། དབྱི་ཐ་ལིའི་སྨི་ལན་ནས་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་ཐེངས་བཅུ་བ་དང་དེའི་འབྲེལ་ཡོད་བྱ་འགུལ་ལ་ཞུགས་རྗེས་ཆེད་བཏང་གནམ་གྲུར་བཞུགས་ཏེ། ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་ཕྱིར་པེ་ཅིན་དུ་ཐོན།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག