མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ལོ་2014ལོའི་ཀྲུང་གོའི་ནགས་ཚལ་མཉམ་སྒྲོག་རོལ་དབྱངས་སྤྲོ་ཚོགས་པེ་ཅིང་ཨའོ་ལིན་ཕིག་ནགས་ཚལ་སྤྱི་གླིང་དུ་འཚོགས་པ།

བཀྲ་ཤིས་དབང་ཕྱུག  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-19 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ་2014ལོའི་ཀྲུང་གོའི་ནགས་ཚལ་མཉམ་སྒྲོག་རོལ་དབྱངས་སྤྲོ་ཚོགས་སྤྱི་ཚེས་18ཉིན་གྱི་ཕྱི་དྲོ་པེ་ཅིང་ཨའོ་ལིན་ཕིག་ནགས་ཚལ་སྤྱི་གླིང་དུ་འཚོགས་ཡོད་པ་རེད། པེ་ཅིང་གི་གྲོང་མི་སྟོང་ཕྲག་ཁ་ཤས་མཛེས་སྡུག་རྣམ་པར་བཀྲ་བའི་ཨའོ་ལིན་ཕིག་ནགས་ཚལ་སྤྱི་གླིང་དུ་འཛོམས་ནས་གསེར་མདོག་ཅན་གྱི་ཉི་ཟེར་འོག་མཉམ་དུ་མཉམ་སྒྲོག་རོལ་དབྱངསདང་དཔེ་ཀློག རི་མོའི་སྒྱུ་རྩལ་བཅས་གསན་གཟིགས་བྱས་པར་མ་ཟད། ནགས་ཚལ་སྤྱི་གླིང་གི་མཛེས་ལྗོངས་ལ་མྱོང་རོལ་བྱས་ཡོད་པ་རེད།

མཉམ་སྒྲོག་རོལ་དབྱངས་དཀྲོལ་བའི་བརྒྱུད་རིམ་ནང་སྐད་གྲགས་ཡོད་པའི་ཡིག་གཟུགས་མཁས་ཅན་ལི་ཙེ་ཡིས་གཙོ་བོ་གནང་བའི་རྒྱལ་ནང་གི་སྙན་གྲགས་ཆེ་བའི་ཡི་གེ་དང་རི་མོའི་སྒྱུ་རྩལ་མཁས་པ་བཅུ་གྲངས་ཀྱིས་ཚོགས་ར་དངོས་ལ་ཕྱག་སོར་རྩལ་ཉམས་བཏོན་ཞིང་། མཚར་དུ་དངར་བའི་ཡི་གེ་དང་རི་མོའི་བརྩམ་བྱ་རེ་རེས་ཐེངས་འདིའི་མཉམ་སྒྲོག་རོལ་དབྱངས་སྤྲོ་ཚོགས་ལ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ཉམས་ཆོས་ཀྱི་ཕྱུག་པར་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག