མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཆི་པའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-19 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཡུན་ཧྲན་གྱིས་མགོ་འཛིན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས་ནས། དྲིལ་སྒྲོག་བསམ་བློ་དང་རིག་གནས་འཐབ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། གསུངས་བཤད་ཀྱི་རིག་རྩལ་བྱ་བའི་སྐོར་གྱི་བསམ་བློ་གསར་བ་དང་ལྟ་བ་གསར་བ། ཆོད་གཏམ་གསར་བ་བཅས་ལ་གོ་བ་ཟབ་མོ་བླངས་ཏེ། བསམ་བློ་དང་བྱ་སྤྱོད་གསུངས་བཤད་ཀྱི་དགོངས་དོན་སྟེང་དངོས་སུ་གཅིག་གྱུར་བྱེད་དགོས་ཞེས་ནན་གྱིས་བསྟན།

ལིག་ཆི་པའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། དེ་ལས་ཏང་ཀྲུང་དབྱང་གིས་རིག་རྩལ་བྱ་བར་ཧ་ཅང་མཐོང་ཆེན་དང་། རིག་རྩལ་བྱ་བ་སྒྲུབ་མཁན་ལ་བྱམས་བརྩེའི་ངང་སེམས་ཁུར་བྱེད་བཞིན་པ་མཚོན་ཡོད། གསུངས་བཤད་ལས་རིག་རྩལ་དང་རིག་རྩལ་བྱ་བའི་ལས་འགན་གལ་ཆེན་རྒྱས་བཤད་ཟབ་མོ་བྱས་པར་མ་ཟད། རིག་རྩལ་དར་རྒྱས་གོང་འཕེལ་དུ་གཏོང་བའི་སྐོར་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་པས། མར་ཁེ་སི་རིང་ལུགས་ཀྱི་རིག་རྩལ་ལྟ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་རིགས་གཞུང་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་སུ་བཏང་ཞིང་། ང་ཚོའི་རིག་རྩལ་བྱ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་མཐོར་འདེགས་སུ་བཏང་། དེ་ནི་རིག་རྩལ་བྱ་བ་དང་རིག་གནས་འཛུགས་སྐྲུན་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན་ལ། རིག་རྩལ་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་། རིག་གནས་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གསར་གཏོད་བྱེད་པའི་འགུལ་སྐྱོད་ཕྱོགས་སྟོན་ཡང་ཡིན་ཟེར།

ཞིང་ལྗོངས་དང་གྲོང་ཁྱེར་སོ་སོ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཅས་ཀྱི་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་དང་། ཀྲུང་དབྱང་དྲིལ་སྒྲོག་རིག་གནས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་སུ་ཞུགས།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག