མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་བཅུ་བའི་ཚང་འཛོམས་གྲོས་ཚོགས་སྟེང་གསུངས་བཤད་གནང་།

བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-18 11:26

 李克强出席第十届亚欧首脑会议闭幕会.jpg

ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན། ལིས་ཁི་ཆང་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་བཅུ་བ་གྲོལ་བའི་མཛད་སྒོར་ཞུགས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་མུས་ལན་ནས་ཚོགས་པའི་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་བཅུ་བའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པར་མ་ཟད་མཛུབ་སྟོན་རང་བཞིན་གྱི་གསུངས་བཤད་གནང་།

    ལིས་ཁི་ཆང་གིས་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་གྲོས་གཞི་གསུམ་བཏོན། གཅིག ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་ཞི་བའི་བདེ་འཇགས་དང་བརྟན་འཇགས་འཕེལ་རྒྱས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས། གཉིས། ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་ཕན་ཚུན་འབྲེལ་འདྲིས་དང་ཉོ་ཚོང་དངུལ་གཏོང་རང་མོས་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། གསུམ། ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མི་གཞུང་བརྗེ་རེས་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།

    ཉིན་དེར་ལིས་ཁི་ཆང་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་བཅུ་བ་གྲོལ་བའི་མཛད་སྒོར་ཞུགས།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག