མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་དང་དབྱི་ཐ་ལིའི་ཙུང་ལི་ལུན་ཆི་རྣམ་གཉིས་མཉམ་དུ་ཀྲུང་གོ་དང་དབྱི་ཐ་ལིའི་གསར་སྐྲུན་མཉམ་ལས་གཟའ་འཁོར་ཚོགས་ཆེན་སྐབས་ལྔ་བར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-18 11:25

李克强与意大利总理伦齐共同出席第五届中意创新合作周大会并致辞.jpg

ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་དབྱི་ཐ་ལིའི་ཙུང་ལི་ལུན་ཆི་རྣམ་གཉིས་མཉམ་དུ་ཀྲུང་གོ་དང་དབྱི་ཐ་ལིའི་གསར་སྐྲུན་མཉམ་ལས་གཟའ་འཁོར་ཚོགས་ཆེན་སྐབས་ལྔ་བར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་དབྱི་ཐ་ལིའི་ཙུང་ལི་ལུན་ཆི་རྣམ་གཉིས་མཉམ་དུ་ཀྲུང་གོ་དང་དབྱི་ཐ་ལིའི་གསར་སྐྲུན་མཉམ་ལས་གཟའ་འཁོར་ཚོགས་ཆེན་སྐབས་ལྔ་བར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

    ལིས་ཁི་ཆང་གིས་ཀྲུང་གོ་སྲིད་གཞུང་གི་ཚབ་མཛད་དེ་ཚོགས་ཆེན་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་དང་དབྱི་ཐ་ལིའི་གསར་སྐྲུན་མཉམ་ལས་གཟའ་འཁོར་གྱིས་རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་གསར་སྐྲུན་མཉམ་ལས་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་གདེང་འཇོག་མཐོན་པོ་གནང་། ཁོང་གིས་གསུངས་རྒྱུར། ཀྲུང་གོ་དང་དབྱི་ཐ་ལིའི་བརྗེ་རེས་དང་མཉམ་ལས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་ཚན་རྩལ་དང་བཟོ་ལས་ཇུས་འགོད་སོགས་ཁྱབ་ཁོངས་ཀྱི་གསར་སྐྲུན་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་ཚན་རྩལ་གསར་སྐྲུན་མཉམ་ལས་རྒྱ་བསྐྱེད་ནས་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

    ལུན་ཆི་ཡིས་བཤད་རྒྱུར། དབྱི་ཐ་ལི་དང་ཀྲུང་གོའི་མཉམ་ལས་ནི་འཐབ་ཇུས་རང་བཞིན་ཡིན། རྒྱལ་ཁབ་གཉིས་ཀྱི་ན་གཞོན་གྱིས་བརྗེ་རེས་ལ་ཤུགས་སྣོན་པ་དང་ཕྱོགས་གཉིས་ཀྱིས་ཚན་རྩལ་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་གཉིས་གསབ་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཧུར་ཐག་སྒོས་གསར་སྐྲུན་མཉམ་ལས་བྱས་ནས་དབྱི་ཐ་ལི་དང་ཀྲུང་གོའི་འབྲེལ་བའི་ཐད་ལ་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག