མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འཛམ་གླིང་གི་ནང་བསྟན་དད་ལྡན་པའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་ཆེན་ཧྲན་ཞི་ཞིང་ཆེན་གྱི་པོ་ཅིའི་ཧྥ་མིན་དགོན་པ་ནས་ཚོགས་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-17 11:43

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན། འཛམ་གླིང་གི་ནང་བསྟན་དད་ལྡན་པའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་ཆེན་ཧྲན་ཞི་ཞིང་ཆེན་གྱི་པོ་ཅིའི་ཧྥ་མིན་དགོན་པ་ནས་ཚོགས་མགོ་བརྩམས་པ་དང་། རྒྱལ་ཁབ་དང་ས་ཁུལ་སུམ་ཅུ་ལྷག་ནས་ཡོང་བའི་ནང་བའི་རྗེས་འཇུག་པ་ཚོགས་ཆེན་ལ་ཞུགས་ཤིང་། ཚོགས་ཡུན་ཉིན་གསུམ་ཡིན། དེ་ནི་འཛམ་གླིང་གི་ནང་བསྟན་དད་ལྡན་པའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོར་ཀྲུང་གོ་ནས་བསྡུས་པ་རེད།

འཛམ་གླིང་ནང་བསྟན་དད་ལྡན་པའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒན་པ་ཁྲོན་དབྱིན་དང་འཛམ་གླིང་ནང་བསྟན་དད་ལྡན་པའི་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕིན་ལོ་ཐེ་ཨ་ལེ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་བཅས་ཀྱིས་སྔ་གཞུག་ཏུ་ཤིས་ཚིག་ཕུལ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་ཚོགས་ཆེན་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་ནང་བསྟན་ལས་རིགས་ཀྱི་གྲོགས་པོ་རྣམས་ལ་བརྩེ་བའི་འཚམས་འདྲི་ཞུས་པར་མ་ཟད། རྒྱལ་ཁབ་སོ་སོའི་ནང་བསྟན་ལས་རིགས་ཀྱིས་མཉམ་ལས་བཟང་བོ་བྱས་ཏེ། འཛམ་གླིང་ཡུན་རིང་ཞི་བདེ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། མིའི་རིགས་བདེ་སྐྱིད་ཡོང་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག