མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-17 11:04

ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རོ་མ་ནས་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཀི་ལ་ཆི་ཡ་ནོ་ལ་མཇལ་འཕྲད་གནང་།

ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རོ་མ་ནས་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཀི་ལ་ཆི་ཡ་ནོ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་རོ་མ་ནས་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཀི་ལ་ཆི་ཡ་ནོ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་འབྲུ་རིགས་ཞིང་ལས་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་སྤྱིའི་ཞིང་ལས་མཉམ་ལས་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཡོངས་ཀྱི་དབུལ་ཕོངས་ལས་དོན་འཕེལ་རྒྱས་སུ་གཏོང་བ་བཅས་ཐད་ལ་འབད་བརྩོན་བྱས་པར་གདེང་འཇོག་གང་ལེགས་མཛད་པར་མ་ཟད། ཀྲུང་གོས་འབྲུ་རིགས་ཞིང་ལས་རྩ་འཛུགས་བར་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པ་དང་ཕན་ཚུན་བར་རོགས་སྐྱོར་བྱེད་པར་སྔར་ལས་ཤུགས་བསྣན་ཏེ། ཞིང་ལས་ཐད་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་མཉམ་ལས་དང་ཕྱོགས་གསུམ་བར་མཉམ་ལས་བྱེད་པར་མུ་མཐུད་དུ་ཤུགས་སྣོན་འདོད་ཡོད་པར་མ་ཟད། འབྲུ་རིགས་ཞིང་ལས་རྩ་འཛུགས་ཀྱིས་ནུས་པ་བཟང་བོ་འདོན་སྤེལ་གང་ལེགས་བྱས་ནས། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་ཞིང་ལས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྲིད་ཇུས་མཐུན་སྦྱོར་དང་ཐོན་ཁུངས་ལེགས་སྒྲིག་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། རྒྱལ་སྤྱིའི་ཞིང་ལས་མཉམ་ལས་ལ་སྐུལ་འདེད་གཏོང་བར་རེ་བ་བྱེད་བཞིན་ཡོད་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག