མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་ཞིང་ལས་རྩ་འཛུགས་སྤྱི་ཁྱབ་པུའུ་ནས་ཁ་ཡིག་ལ་ཁྱིམ་ཚང་གི་བདག་གཉེར་ལ་བརྟེན་ནས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་པའི་གསུང་བཤད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-17 11:04

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་རོ་མ་ན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་ཞིང་ལས་རྩ་འཛུགས་སྤྱི་ཁྱབ་པུའུ་ནས་ཁ་ཡིག་ལ་ཁྱིམ་ཚང་གི་བདག་གཉེར་ལ་བརྟེན་ནས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་པའི་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་རོ་མ་ན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་ཞིང་ལས་རྩ་འཛུགས་སྤྱི་ཁྱབ་པུའུ་ནས་ཁ་ཡིག་ལ་ཁྱིམ་ཚང་གི་བདག་གཉེར་ལ་བརྟེན་ནས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་པའི་གསུངས་བཤད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོའི་འཛམ་གླིང་འབྲུ་རིགས་ཉིན་མོའི་བརྗོད་བྱ་གཙོ་བོ་ནི་ཁྱིམ་ཚང་གི་ཞིང་ལས་དང་འཛམ་གླིང་ལ་མཁོ་འདོན། སའི་གོ་ལར་གཅེས་སྐྱོང་བྱེད་རྒྱུ་དེ་ཡིན། ཁྱིམ་ཚང་གི་ཞིང་ལས་ལ་བརྟེན་ནས་བཟའ་བཏུང་གི་གནད་དོན་ཐག་གཅོད་རྒྱུ་ནི་ཀྲུང་གོའི་དོན་དངོས་དང་མཐུན། ཀྲུང་གོའི་ལོ་སུམ་ཅུ་ལྷག་གི་ཡར་སྔོན་གྱི་བཅོས་སྒྱུར་སྒོ་འབྱེད་དེ་ཞིང་སྡེ་ནས་མགོ་བརྩམས་པ་དང་། ཁྱིམ་ཚང་གིས་འགན་ལེན་བདག་གཉེར་ལམ་ལུགས་སོགས་ཀྱི་བཅོས་སྒྱུར་ལག་བསྟར་བྱས་པ་བརྒྱུད་ནས་ཁྱིམ་ཚང་གི་ཞིང་ལས་འཕེལ་རྒྱས་སུ་སོང་བ་དང་། མི་དམངས་ཀྱི་ཁ་རྒྱབ་གནད་དོན་ཐག་བཅད་པར་མ་ཟད། མི་གྲངས་དུང་ཕྱུར་འགའ་དབུལ་ཕོངས་ལས་ཐར་བར་རོགས་རམ་བྱས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་ལ་སྔ་སྣུར་སྒོས་བསླེབས། ཀྲུང་གོའི་ཞིང་ལས་ཐོན་སྐྱེད་དེ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ན། ངེས་པར་དུ་བདག་གཉེར་གཞི་ཁྱོན་ཇེ་ཆེར་བཏང་ནས་ཞིང་ལས་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ནི་འཛམ་གླིང་སྟེང་དུ་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་། འཛམ་གླིང་གི་འབྲུ་རིགས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན། ང་ཚོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་བཀྲེས་ལྟོགས་དང་དབུལ་ཕོངས་མེད་པ་དང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བའི་འཛམ་གླིང་ཞིག་གསར་སྐྲུན་བྱེད་འདོད་ཡོད་ཟེར།   ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག